ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡུས་པའོ་ཡུན་ནན་ཞིང་ཆེན་གྱི་ཧྲིན་ཀྲང་ཚབ་མར་བསྐོས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝང་ཡུས་པའོ་ཡུན་ནན་ཞིང་ཆེན་གྱི་ཧྲིན་ཀྲང་ཚབ་མར་བསྐོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས25ཉིན།ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པས་ཐག་བཅད་པ་ལྟར་ན། ཁྲིན་ཧའོ་ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་ལས་གནས་ནས་བུད་པ་དང་།རོན་ཁྲིན་ཧྥ་ཡིས་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གི་ལས་གནས་ནས་འབུད་རྒྱུའི་རེ་བ་དང་ལེན་བྱས་ཤིང་།ཝང་ཡུས་པའོ་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དང་ཧྲིན་ཀྲང་ཚབ་མར་བསྐོས།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།