ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་གུང་གསེང་གི་ངལ་གསོའི་བཀོད་སྒྲིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    2021ལོའི་གུང་གསེང་གི་ངལ་གསོའི་བཀོད་སྒྲིག

  ཞིང་ཆེན་སོ་སོ་དང་རང་སྐྱོང་ལྗོངས་སོ་སོ། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་སོ་སོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ། ཐད་གཏོགས་སྒྲིག་གཞི་སོ་སོ་བཅས་ལ། 

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ད་ལྟ2021ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན་དང་ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་བཅས་ཀྱི་ངལ་གསོའི་དུས་ཚོད་བཀོད་སྒྲིག་གཤམ་གསལ་ལྟར།

  གཅིག  ལུགས་གསར་ལོ་གསར་ལ2021ལོའི་ཟླ་དང་པོའི་ཚེས1ཉིན་ནས3ཉིན་བར་ངལ་གསོ་ཉིན3ཡོད།

  གཉིས། ལུགས་རྙིང་ལོ་གསར་ལ་ཟླ2པའི་ཚེས11ཉིན་ནས་ཚེས17ཉིན་བར་བསྡོམས་པས་ངལ་གསོ་ཉིན7ཡོད། ཟླ2ཚེས7ཉིན(གཟའ་ཉི་མ)དང་ཟླ2ཚེས20ཉིན(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།

   གསུམ། དྭངས་གསལ་དུས་ཆེན་ལ་ཟླ4པའི་ཚེས3ཉིན་ནས་ཚེས5ཉིན་བར་གྱི་ངལ་གསོ་་ཉིན་གསུམ་ཡོད།

   བཞི། ངལ་རྩོལ་དུས་ཆེན་ལ་ཟླ5ཚེས1ཉིན་ནས་ཚེས5ཉིན་བར་གྱི་ངལ་གསོ་ཉིན5ཡོད། ཟླ4ཚེས25ཉིན(གཟའ་ཉི་མ)དང་ཟླ5ཚེས8ཉིན(གཟའ་སྤེན་པ)ལས་ཀར་ཞུགས་དགོས།

    ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན་ལ་ཟླ6ཚེས12ཉིན་ནས་ཚེས14ཉིན་བར་གྱི་ངལ་གསོ་ཉིན་གསུམ་ཡོད།

       དྲུག ཟླ་མཆོད་དུས་ཆེན་ལ་ཟླ9པའི་ཚེས19ཉིན་ནས་ཚེས21ཉིན་བར་གྱི་ངལ་གསོ་ཉིན་གསུམ་ཡོད། ཟླ9ཚེས18ཉིན(གཟའ་སྤེན་པ)ལས་ཀར་ཞུགས་དགོས།

  རྒྱལ་སྟོན་དུས་ཆེན་ལ་ཟླ10ཚེས1ཉིན་ནས་ཚེས7ཉིན་བར་གྱི་ངལ་གསོ་ཉིན7ཡོད། ཟླ9ཚེས26ཉིན(གཟའ་ཉི་མ)དང་ཟླ10ཚེས9ཉིན(གཟའ་སྤེན་པ)ལས་ཀར་ཞུགས་དགོས།  

    དུས་ཆེན་དང་གུང་གསེང་གི་སྐབས་སུ། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ལས་རེས་དང་བདེ་འཇགས། སྲུང་སྐྱོབ་སོགས་ཀྱི་ལས་ཀ་བཀོད་སྒྲིག་ལེགས་པོ་བྱ་དགོས་པ་དང་། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་དང་ཕྲད་ཚེ། གཏན་འབེབས་ལྟར་དུས་ཐོག་སྙན་ཞུ་དང་ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་འཆམ་མཐུན་དང་དུས་བདེའི་ངང་དུས་ཆེན་གྱི་གུང་གསེང་གཏོང་ཐུབ་པར་འགན་ལེན་བྱ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས།

    2020ལོའི་ཟླ11ཚེས25ཉིན།

点击进入下一页

点击进入下一页

点击进入下一页

点击进入下一页

点击进入下一页

点击进入下一页

点击进入下一页

点击进入下一页

点击进入下一页

点击进入下一页

点击进入下一页

点击进入下一页

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།