ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་གཟབ་རྒྱས་ངང་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་བྱས་རྗེས་འབུར་ཐོན་བཞག་པའི་རང་རྒྱལ་གྱི་བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་ཅིང་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚོགས་ཆེན་ལ་ཞུགས་པ་དང་། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་མཛད།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཚོགས་ཆེན་དངོས་སུ་འགོ་བརྩམས་པ་དང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ཝང་ཧུའུ་ཉིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས། ཆོད་དོན་ནང་བསྟན་དོན། ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། ལས་རིགས་སོ་སོ་ནས་ལས་གནས་དང་ལས་རིགས་ལ་དགའ་ཞིང་གསར་གཏོད་བརྩོན་ལེན་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ་དང་། སྒེར་སེམས་མེད་པར་བྱས་རྗེས་བཞག་པའི་སྔོན་ཐོན་དཔེ་ལེགས་མི་སྣ་སྐོར་ཞིག་བྱུང་བས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་སྟོང་གཅིག་དང་དྲུག་བརྒྱ་གྱ་དགུ་ལ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་མཚན་སྙན་གནང་བ་དང་མི་བརྒྱད་བརྒྱ་དང་བཞི་ལ་རྒྱལ་ཡོངས་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་མཚན་སྙན་གནང་རྒྱུ་ཐག་བཅད།

སྤྲོ་སྐྱིད་ལྡན་པའི་རོལ་མོའི་ཁྲོད་དུ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མི་རྣམས་རིམ་པ་བཞིན་ཀྲུའུ་ཞིའི་སྟེགས་བུའི་སྟེང་སོང་བ་དང་། ཞི་ཅིན་ཕིང་སོགས་ཀྱིས་ཁོ་ཚོར་གཟི་བརྗིད་དཔང་ཡིག་གནང་།

ཚོགས་ཆེན་སྟེང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང། ཁོང་གིས་བསྟན་དོན། དུས་ཡུན་རིང་བའི་ཚུན་ལ། ཏང་གི་འགོ་ཁྲིད་འོག རང་རྒྱལ་གྱི་བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་རྣམས་མེས་རྒྱལ་དང་མཉམ་དུ་འཚར་ལོངས་བྱུང་བ་དང་དུས་རབས་དང་མཉམ་དུ་འབད་འཐབ་བྱས་ཤིང་། ང་ཚོ་བཟོ་བར་སྟོབས་ཤུགས་ལྡན་ཞེས་པའི་དབྱངས་རྟ་སྙན་མོ་གླུ་རུ་བླངས་པས། འཐབ་ཕྱོགས་སོ་སོ་ནས་དཔའ་བོ་དཔེ་ལེགས་ཅན་གང་མང་བྱུང་། ལྷག་པར་དུ་དུས་རབས་གསར་བར་ཞུགས་པའི་ཚུན་ལ། རང་རྒྱལ་གྱི་བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་འཕེལ་རིམ་ཁྲོད་དུ་སྤོབས་པ་ཆེན་པོས་འབད་འཐབ་བྱས་པ་དང་ཀུན་ལས་ལྷག་པ་གསར་སྐྲུན་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་པར་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། བློ་གྲོས་དང་བརྩོན་འགྲུས་ལ་བརྟེན་ནས་ངལ་རྩོལ་ལ་གཟི་བརྗིད་ལྡན་ཞིང་ཤེས་བྱར་བརྩི་འཇོག་བྱེད་པ་དང་། ཤེས་ལྡན་མི་སྣར་རིན་ཐང་ལྡན་པ། གསར་སྐྲུན་ལ་རླབས་ཆེ་བའི་སྤྱི་ཚོགས་དར་སྲོལ་བཟང་བོ་གསར་སྐྲུན་བྱས་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གཟི་བརྗིད་ནི་ངལ་རྩོལ་པར་དབང་བ་དང་བདེ་སྐྱིད་ནི་ངལ་རྩོལ་པར་དབང་བ་ཡིན། རང་རྒྱལ་གྱི་བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། གསར་གཏོད་བརྩོན་ལེན་དང་སྤོབས་པ་ཆེན་པོས་འབད་འཐབ་བྱེད་པ་དང་། ཧུར་ཐག་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་དུ་དུས་རབས་ཀྱི་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་པ་དང་ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་གོང་འཕེལ་དུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པར་གདེང་འཇོག་ཆེན་པོ་གནང་ཡོད་པ་དང་། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱིས་བཞག་པའི་བྱས་རྗེས་དང་བླ་མེད་སྙིང་སྟོབས་ལ་ཁས་ལེན་གང་ལེགས་བྱས་ཤིང་། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་དུ་ཉེན་ཁར་མ་འཛེམ་པར་སྤོབས་པ་ཆེན་པོས་བྱ་བ་བསྒྲུབས་པའི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་གཟེངས་བསྟོད་གནང་ཡོད་པར་མ་ཟད། ཤུགས་ཆེན་པོས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། བཟོ་བ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བྱང་ཚད་མཐོ་བའི་ངལ་རྩོལ་ དཔུང་སྡེ་ཆེན་པོ་འཛུགས་སྐྲུན་བྱས་ནས། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་བྱེད་པ་དང་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་སུ་གཏོང་དགོས་པ་གསལ་བོར་བོར་བསྟན་ཡོད་ཟེར།

ཏེན་ཞའོ་ཞང་དང་ཀྲང་ཡུག་ཞ། ཁྲིན་ཞི། ཧུའུ་ཁྲུན་ཧྭ། ཧོང་ཁུན་མེན། ཡུག་ཆོན། ཀྲང་ཁྲུན་ཞན། ཝང་ཏུང་མེན། ཞོ་ཅེ། ཀྲང་ཆིན་ལིས་སོགས་ཚོགས་ཆེན་ལ་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་པེ་ཅིན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་སོགས་ཚོགས་ཆེན་ལ་ཞུགས།  །ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།