རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་པེ་ཅིན་ནས་གྲོས་ཚོགས་བསྡུས་པ་དང་ལེ་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་པེ་ཅིན་ནས་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཚོགས་ཐོག་ནས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས། གཅིག བློ་བརྟན་འགྱུར་མེད་སྒོས་འགྱུར་བ་མེད་པ་གཉིས་ལེགས་སྒྲུབ་བྱས་ཏེ། རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གོ་གནས་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ལམ་ལུགས་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ལམ་ལུགས་ཀྱི་གཞི་རྩའི་རྩ་དོན་ཡིན། གཉིས། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་ལ་ཡུན་རིང་རང་བཞིན་གྱི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱས་པ་དང་། དེ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་སྐབས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པའི་ཁ་ཕྱོགས་གཙོ་བོ་ཡིན། གསུམ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་ལ་རྒྱུས་ལོན་ཟབ་མོ་བྱེད་པ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་ཡིན་པ་དང་། ཁྲིམས་སྐྱོང་ཐད་ནས་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནད་དོན་རབ་དང་རིམ་པ་ཐག་གཅོད་པར་མུ་མཐུད་དུ་ལམ་ལུགས་ཅན་གྱི་ཇུས་གཞི་འདོན་སྤྲོད་བྱེད་དགོས། བཞི། རྒྱལ་ནང་བཅོས་སྐྱོང་དང་རྒྱལ་སྤྱིའི་བཅོས་སྐྱོང་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་། འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། ལྔ། འགོ་ཁྲིད་ལས་བྱེད་པའི་གནད་འགག་ཉུང་ཤོས་དམ་འཛིན་བྱེད་དགོས། དམངས་ཆེན་དུ་བྱ་བ་སྒྲུབ་པའི་བློ་མཐུན་རྣམས་ཀྱིས་ངེས་པར་དུ་སྣེ་ཁྲིད་དེ་ཁྲིམས་སྐྱོང་དང་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པ་དང་། ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་རྣམ་པར་བརྟེན་ནས་བྱ་བ་སྒྲུབ་པ་དང་། ཁྲིམས་སློབ་དང་ཁྲིམས་བརྩི། ཁྲིམས་བཀོལ་བཅས་ཀྱི་དཔེ་སྟོན་ནུས་པ་འདོན་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།