ལི་ཁེ་ཆང་གིས་འགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཐད་ནས་ས་གནས་སྲིད་གཞུང་ཁ་ཤས་ཀྱི་འགན་འཁུར་བ་དང་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  ཟླ11པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཐད་ནས་ས་གནས་སྲིད་གཞུང་ཁ་ཤས་ཀྱི་འགན་ཁུར་པ་དང་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས།

ཧེ་ལུང་ཅང་དང་ཧྲན་ཏུང་། ཧུའུ་ནན། ཀོང་ཏུང་། ཡུན་ནན་སོགས་ཞིང་ཆེན་གྱི་སྲིད་གཞུང་གི་འགན་ཁུར་པས་གཏམ་བཤད། ལི་ཁེ་ཆང་གིས་གསུངས་རྒྱུར། ད་ལོའི་འགྲན་རྩོད་ཆེན་པོའི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག རིམས་ནད་འགོག་བཅོས་ཐད་ནས་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པ་དང་། དཔལ་འབྱོར་སླར་གསོ་རང་བཞིན་གྱི་འཕར་སྣོན་ཅུང་མགྱོགས་པའི་སྒོ་ནས་མངོན་འགྱུར་བྱས། དེ་ནི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་ཁག་ཁྱད་བསད་བྱས་པའི་འབྲས་བུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཆེ་ཕྱོགས་སྲིད་ཇུས་དུས་ཐོག་ཏུ་ལག་བསྟར་བྱས་པ་དང་ནུས་ལྡན་ལུགས་མཐུན་ཡིན་ལ། ས་གནས་སོ་སོས་ལག་བསྟར་བྱེད་སྐབས་རང་འགུལ་སྒོས་ནུས་ཤུགས་ཆེན་པོ་བཏོན་ལ། ཚོང་རའི་གཙོ་གཞི་དུང་ཕྱུར་གཅིག་ལྷག་གིས་སྟོབས་ནུས་མངོན་པར་བྱས། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་ཛ་དྲག་ཆེ་བས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་སྐྲུན་བྱེད་དགོས་པར་མ་ཟད། ཀྲུང་དབྱང་དང་ས་གནས། དེ་མིན་ཕྱོགས་སོ་སོའི་བརྩོན་སེམས་འདོན་སྤེལ་གང་ལེགས་བྱས་ནས། ད་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་རྒྱུར་འགན་སྲུང་བྱེད་དགོས་ཟེར།

ལི་ཁེ་ཆང་གིས་བསྟན་དོན། དངོས་ཐོག་བདེན་འཚོལ་དང་ཀུན་སྙོམས་ལྟ་རྟོག་བྱས་ཏེ་གོ་རིམ་རྗེས་མའི་འཕེལ་རྒྱས་ལ་འཆར་འགོད་བྱས་ནས། སྲིད་ཇུས་ཀྱི་མུ་འབྲེལ་རང་བཞིན་དང་ནུས་ལྡན་རང་བཞིན། རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་དགོས། ལུགས་མཐུན་སྒོས་སྲིད་ཇུས་ཀྱི་ཤུགས་ཚད་གསལ་བོ་ཤེས་པར་བྱེད་པ་དང་། ད་ལོར་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པའི་རྐྱེན་སྲོལ་སོགས་བཅོས་སྒྱུར་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དེ་ངེས་པར་དུ་ལག་བསྟར་བྱེད་དགོས། སྲིད་ཇུས་ཀྱི་གནད་ས་དེ་མུ་མཐུད་ནས་ཚོང་རའི་གཙོ་གཞི་དང་དམངས་ཚིས་ལ་ཐད་ཀར་དུ་ཁ་ཕྱོགས་དགོས་པ་དང་། སྔར་ལས་མང་པོའི་ལས་ཞུགས་ལས་གནས་གསར་སྐྲུན་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་བཀོད་པའི་གོ་སྐབས་དམ་འཛིན་བྱས་ནས། ཧུར་ཐག་སྒོས་རྒྱལ་སྤྱིའི་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་དགོས་ཟེར།

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིག་ཧི། ཝང་ཡུང་། ཝང་དབྱི། ཞོ་ཅེ། ཀྲའོ་ཁི་ཀྲི། ཧི་ལིས་ཧྥིན་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།