རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས21ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་བདུན་འཕར་སྣོན་བྱུང་བ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་བདུན་འཕར་སྣོན་བྱུང་བ་ཡར་ཞུ་བྱས་པ་དང་།   དེའི་ནང་དུ་ཕྱི་ནས་མཆེད་པའི་ནད་པ་བཅུ་བཞི་ཡོད་ལ།      ཧྲང་ཧེ་རུ་ནད་པ་གསུམ་དང་ཀྲེ་ཅང་དུ་ནད་པ་གཅིག   ཐེན་ཅིན་དུ་ནད་པ་གཅིག     པེ་ཅིན་དུ་ནད་པ་གཅིག  ཧྲན་ཞི་རུ་ནད་པ་གཉིས།   སི་ཁྲོན་དུ་ནད་པ་གཅིག ཀོང་ཞི་རུ་ནད་པ་གཅིག ཧྥུའུ་ཅན་དུ་ནད་པ་བཞི་བཅས་བྱུང་། རང་ས་གནས་ཀྱི་ནད་པ་གསུམ་ཡོད་ལ། ནང་སོག་ཏུ་ནད་པ་གཉིས་དང་ཧྲང་ཧེ་རུ་ནད་པ་གཅིག་ཡོད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་དགུ་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་སྟོང་གཅིག་དང་བརྒྱ་དང་བདུན་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ་བཞི་ཇེ་མང་དུ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སུམ་བརྒྱ་དང་གཅིག་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་གཅིག་ཡོད།   བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གསུམ་དང་བདུན་བརྒྱ་དོན་ལྔ་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་གསུམ་དང་བཞི་བརྒྱ་དོན་བཞི་ལ་སླེབས།

ཞང་ཀང་དང་ཨོ་མོན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་དྲུག་དང་ཉིས་བརྒྱ་བཅུ་བདུན་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་ལྔ་དང་ལྔ་བརྒྱ་དྲུག་ཅུ་ཡོད་པ་དང་། ནད་པ་སྟོང་ལྔ་དང་ཉིས་བརྒྱ་ཞེ་བརྒྱད་སྨན་ཁང་ནས་ཕྱིར་བུད་ལ། ནད་པ་བརྒྱ་དང་བརྒྱད་རྐྱེན་ལམ་དུ་ཤོར། ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་དྲུག་བརྒྱ་དང་བཅུ་གཅིག་ཡོད་པ་དང་ནད་པ་ལྔ་བརྒྱ་དང་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད་ལ། ནད་པ་བདུན་རྐྱེན་ལམ་དུ་ཤོར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།