ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཏི་ལིས་ཨང་ལ་ཁ་པར་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པའི་དབྱི་ཡིས་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཏི་ལིས་ཨང་ལ་ཁ་པར་བཏང་།

ཝང་དབྱི་ཡིས་བཤད་རྒྱུར།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མ་ཁི་ལུང་རྣམ་གཉིས་ཉེ་བའི་དུས་སྐབས་ཤིག་ལ་པ་ལིས་ཞི་བདེ་གླེང་སྟེགས་སྐབས་གསུམ་པར་མཉམ་དུ་ཞུགས་ཏེ། ལག་རྡང་སྦྲེལ་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་པ་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་བ་དེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱིས་ཆུ་ཚད་མཐོ་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་བྱེད་པ་གང་ལེགས་སྒོས་མཚོན་ཡོད། དེང་སྐབས། པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་མཆེད་ནའང་།  ཧྥ་རན་སིའི་རིམས་ནད་གནས་བབ་ད་ལྟ་ཇེ་ལེགས་སུ་སོང་བར་ང་ཚོ་དགའ་སྤྲོ་སྐྱེས་བཞིན་ཡོད།  ཙུང་ཐུང་མ་ཁི་ལུང་གི་འགོ་ཁྲིད་འོག  ཧྥ་རན་སི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ལས་ཅིས་ཀྱང་རྒྱལ་ཁ་ལེན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཟེར།

ལེ་ཏི་ལིས་ཨང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་བརྙན་རིས་བརྒྱུད་དེ་པ་ལིས་ཞི་བདེ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་བཀའ་དྲིན་ཆེ་ཞུས་ཤིང་དེ་ནི་ཧྥ་རན་སི་ཕྱོགས་ལ་ནུས་ལྡན་རྒྱབ་སྐྱོར་བྱས་པ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་རིམས་འགོག་མཉམ་ལས་བྱས་པར་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་ལ་འབྲེལ་འདྲིས་དམ་པོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།