ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིས་སྟོང་ཉི་ཤུ་ལོའི“ཀྲུང་གོ་རྟོགས་པར་བྱེད་པའི”རྒྱལ་སྤྱིའི་ཚོགས་འདུ་བསྡུས་པར་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོ་རྟོགས་པར་བྱེད་པའི་རྒྱལ་སྤྱིའི་ཚོགས་འདུ་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ཀོང་ཀྲོའུ་རུ་བསྡུས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། གློ་བུར་དུ་བྱུང་བའི་གློ་ཚད་རིམས་ནད་འདིས་སླར་ཡང་མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་ཐུན་མོང་ཚོགས་པ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། སྣེ་མང་རྙོག་འཛིང་ཆེ་བའི་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། མིའི་རིགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དུས་ངལ་མཉམ་སེལ་བྱས་ཏེ། ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་སྔོན་གྲོལ་མ་ཐག་པའི་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་འཕེལ་རྒྱས་ལ་སྒོ་ཀུན་ནས་འཆར་འགོད་བཟོས་ཡོད་ཅིང་། ཀྲུང་གོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་འབུངས་བྱེད་ཀྱིན་ཡོད།  སང་ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་དེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཚུད་གང་ཐུབ་བྱེད་རྒྱུ་ཡིན། རེ་བ་ཡིན་ན་ཚང་མས་བསམ་གཞིག་གཏིང་ཟབ་གཏོང་བ་དང་ཞིབ་བསྡུར་ཧུར་ཐག་བྱེད་པ། ཐུན་མོང་གི་ངོས་འཛིན་གཅིག་གྱུར་བཅས་བྱས་ནས། ཀྲུང་གོ་དང་འཛམ་གླིང་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད། བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།