ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དག་གིས་ས་ཁུལ་སོ་སོ་རུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  བསྟུད་མར་ཉིན་འགའི་རིང་ལ།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཧོ་ནན་དང་ཧྲན་ཏུང་། ཀོང་ཞི་སོགས་ས་ཁུལ་དུ་སོང་ནས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་རྒྱས་བཤད་དང་སྒྲོག་འགྲེལ་བྱས་པར་མ་ཟད།  གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ལས་བྱེད་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིག་ཁོན་གྱིས་ཉེ་ལམ་ཧོ་ནན་ཁྲང་ཧྲ་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཁོས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པའི་དོན་སྙིང་གལ་ཆེན་དང་ཕན་ཡོད་ཆ་རྐྱེན།  ཁྱད་ཆོས་གལ་ཆེན་སོགས་ཕྱོགས་བཞིའི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་བྱས་པར་མ་ཟད།   མཐོ་རིམ་སློབ་གྲྭ་དང་རིག་གནས་གསར་སྐྲུན་ཐོན་ལས་གླིང་དུ་སོང་ནས་ལས་བྱེད་མང་ཚོགས་དང་བཞུགས་མོལ་བརྗེ་རེས་བྱས།

ཧྲན་ཏུང་ཅི་ནན་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལུའུ་ཧོ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དམིགས་འབེན་ལས་འགན་གཙོ་བོ་སོགས་ནང་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་དམིགས་ནས་རྒྱས་བཤད་བྱས།  ཧྲན་ཏུང་གི་ས་ཁུལ་སོ་སོའི་མི་ཁྲི་གསུམ་ལྷག་གིས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་སྒྲོག་འགྲེལ་སྙན་ཞུ་ལ་ཉན།

སྒྲོག་འགྲེལ་སྐབས་སུ།  ལུའུ་ཧོ་ད་དུང་ཀོས་ཀྲིག་གྲོང་ཁྱེར་གྱི་ཞང་གྲོང་དང་གཞིས་ཁུལ་སོགས་སུ་སོང་ནས་རྨོ་ཞིང་སྲུང་སྐྱོབ་དང་གྲོང་སྡེ་འཆར་འགོད།  ཞིང་སྡེ་འཛུགས་སྐྲུན་སོགས་གནད་དོན་ཐད་ནས་གཞི་རིམ་ལས་བྱེད་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་སུན་ཅིན་ལུང་གིས་ཉེ་ལམ་ཀོང་ཞི་ནན་ཉིན་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ།   གྲོས་ཚོགས་རྗེས་སུ། སུན་ཅིན་ལུང་ཀོང་ཞི་མཚོ་ཁུགས་བྱང་མའི་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་སྡེ་ཚོགས་སུ་སོང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ནས་ཚང་མ་དང་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།