ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧྲན་ཞི་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཧྲན་ཞི་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་བཀོད་སྒྲིག་ལྟར། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་ཁྲོད་དུ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

རྟོག་ཞིབ་མཛད་སྐབས། ལིས་ཀྲན་ཧྲུའུ་ཡུང་ཁྲིན་དང་ཁྲང་ཀྲི། ཅིན་ཀྲུང་། ཐེ་ཡོན་སོགས་ས་ཁུལ་དུ་སོང་སྟེ་དམངས་ཆེན་འཐུས་མིའི་འབྲེལ་འདྲིས་བྱེད་ས་དང་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་འདྲིས་བྱེད་ས། དམངས་ཆེན་ལས་ཁུངས་བཅས་ལ་རྟོག་ཞིབ་བྱས་ཤིང་། དམངས་ཆེན་འཐུས་མི་དང་གཞི་རིམ་གྱི་ཁྲིམས་སྐྱོང་བྱ་བ་སྒྲུབ་མཁན། ཆེད་མཁས་པ་དང་ཤེས་ཡོན་ཅན་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དམངས་ཆེན་བྱ་བར་རྒྱུས་ལོན་བྱས་པ་དང་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་ཉན།

ལིས་ཀྲན་ཧྲུའུ་ཡིས་ཧྲན་ཞི་ཞིང་ཆེན་གྱིས་བཅོས་སྒྱུར་གསར་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞིའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་རེ་བ་ལག་བསྟར་དང་དངོས་འབེབས་བྱེད་པར་དམིགས་ཏེ། ཚུལ་སྒྱུར་འཕེལ་རྒྱས་ཐད་ནས་ཐོག་མར་ཐབས་ལམ་གསར་བ་ཞིག་གསར་གཏོད་བྱེད་དགོས། གཅིག ཧྲན་ཞི་ཡི་འཕེལ་རྒྱས་དེ་རྒྱལ་ཁབ་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཁྲོད་དུ་བཞག་ནས་ཇུས་འགོད་བྱེད་དགོས། གཉིས། ཚུལ་སྒྱུར་འཕེལ་རྒྱས་དེ་དཔལ་འབྱོར་བྱ་བ་དང་ལས་དོན་སྣ་ཚོགས་ཀྱི་སྤྱིའི་རྩ་འཛིན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས། གསུམ། རང་ཚུགས་རང་སྟོབས་ཀྱི་རེ་བ་ལྟར་ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་དགོས། བཞི། དམར་པོའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་ནས། ཧྲན་ཞིའི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།