ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་བདུན་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བཅུ་བདུན་འཕར་སྣོན་བྱུང་བ་ཡར་ཞུ་བྱས་པ་དང་།  ཚང་མ་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།      ཧྲང་ཧེ་རུ་ནད་པ་བཞི་དང་ཀོང་ཏུང་དུ་ནད་པ་གཉིས།   སི་ཁྲོན་དུ་ནད་པ་གཅིག     པེ་ཅིན་དུ་ནད་པ་གཅིག  ཧྲན་ཞི་རུ་ནད་པ་གསུམ།   ཧྥུའུ་ཅན་དུ་ནད་པ་དྲུག་བཅས་བྱུང་།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་ཉི་ཤུ་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་སྟོང་གཅིག་དང་བརྒྱ་དང་བཅུ་དྲུག་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་འདྲ་མཉམ་རེད།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སུམ་བརྒྱ་དང་དྲུག་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་གཅིག་ཡོད།   བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གསུམ་དང་བདུན་བརྒྱ་ང་གཉིས་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་གསུམ་དང་བཞི་བརྒྱ་ཞེ་དྲུག་ལ་སླེབས།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་དྲུག་དང་བརྒྱ་དང་ཞེ་དྲུག་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་ལྔ་དང་བཞི་བརྒྱ་གོ་གཅིག་ཡོད་པ་དང་། ནད་པ་སྟོང་ལྔ་དང་ཉིས་བརྒྱ་སོ་གསུམ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བརྒྱ་དང་བརྒྱད་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་དྲུག་བརྒྱ་དང་དགུ་ཡོད་པ་དང་ནད་པ་ལྔ་བརྒྱ་དང་ ཞེ་ལྔ་སྨན་ཁང་ནས་ཕྱིར་བུད་ལ། ནད་པ་བདུན་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།