2020ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ཚོགས་ཆེན་ཁྲང་ཧྲ་རུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཀྲུང་གོ་སྨྱན་སྦྱོར་གསར་པའི་ཚོགས་ཆེན་ཟླ11པའི་ཚེས19ཉིན་ཁྲང་ཧྲ་རུ་འཚོགས་མགོ་ཚུགས། རྒྱལ་ཡོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་སྡེ་ཁག་དང་། གསར་འགྱུར་ལས་ཁུངས། གསར་འགྱུར་ལས་རིགས་རྩ་འཛུགས། དྲ་སྦྲེལ་ཁེ་ལས། མཐོ་རིམ་སློབ་གྲྭའི་གསར་འགྱུར་སློབ་གླིང་དང་གསར་འགྱུར་ཞིབ་འཇུག་སྒྲིག་གཞི་བཅས་ཀྱི་ཆེད་མཁས་པ་དང་དེ་འབྲེལ་གྱི་བྱ་བ་སྒྲུབ་མཁན་རྣམས་མཉམ་དུ་འཛོམས་ནས་སྔར་ལས་ལྷག་པར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་དང་སྐུལ་འདེད་གཏོང་རྒྱུའི་ཐད་བགྲོ་གླེང་བྱས།

ཀྲུང་གོའི་སྨྱན་སྦྱོར་གསར་པའི་ལོ་འཁོར་གྱི་ཚོགས་འདུ་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་ཚོགས་ཆེན་གྱིས“སྟོབས་ཤུགས་གཅིག་སྒྲིལ་གྱིས་གསར་གཏོད་མཉམ་འདྲེས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་དབྱང་གི《སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་བྱས་ནས་སྨྱན་སྦྱོར་གསར་པའི་ལས་སྒྲུབ་མི་སྣས་ལག་ལེན་དངོས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་། ངོས་འཛིན་དང་མྱོང་ཚོར་བརྗེ་རེས་བྱེད་པའི་ལས་སྟེགས་བསྐྲུན་པ་དང་། གཏིང་ཟབ་སྒོས་སྨྱན་སྦྱོར་མཉམ་འདྲེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་གླེང་ཕྱོགས་གཙོ་བོའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད།

ཚོགས་ཆེན་ཐོག《2020ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ཞིབ་འཇུག་སྙན་ཞུ》དང་། 《2019ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་ལོ་འཁོར་མེ་ལོང》། 《རྒྱལ་ཡོངས་བརྙན་ལམ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་ཚད་མ་ལག་ཞིབ་འཇུག》སོགས་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཤིང་། “ནང་དོན་གསར་གཏོད་དང་ཕུལ་བྱུང”ཞེས་པ་དང་། “གསར་ཐོན་དུས་ཀྱི་ནུས་སྤྲོད་དང་སྐྱེ་ཁམས་གསར་པར་དམིགས་པ”། “ལས་སྟེགས་གསར་པའི་སྤྱི་ཚོགས་ཀྱི་འགན་འཁྲི”སོགས་ཆེད་དོན་གླེང་སྟེགས་སྤེལ་བ་མ་ཟད། ཀྲུང་གོའི་སྨྱན་སྦྱོར་གསར་པའི“རིམས་ནད”འཐབ་རྩོད་ཀྱི་དཔེ་མཚོན་རྩེ་གྲ་བཅུ་དང་དབུལ་སྐྱོར་གྱི་ཕུལ་བྱུང་དཔེ་མཚོན་བཅུ་ཡོངས་བསྒྲགས་བྱས་པ། “མ་ལན་རི་བོར་སྐྱོད་པ”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་སྤེལ་བ།  དེ་མིན“‘ནུས་ཤུགས་བཞི’ཆེ་རུ་བཏང་ནས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་གསོ་སྦྱོང་བྱས་པ་དང“ཀྲུང་གོའི་སྨྱན་སྦྱོར་གསར་པའི་མཉམ་འབྲེལ་སྤྱི་ཕན་བྱ་འགུལ”སྤེལ་འགོ་ཚུགས།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས། ཧུའུ་ནན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགན་ཁུར་པས་མགོ་ཚུགས་མཛད་སྒོར་ཕེབས་ཏེ་ཤིས་ཚིག་ཕུལ། མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྱི་འབྲེལ་ཡོད་འགན་ཁུར་པས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཚོགས་ཆེན་ཐོག་ད་དུང“མ་ལན་རི་བོར་སྐྱོད་པ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་བྱེད་སྒོ་སྤེལ་བ་དང་། མཱ་ལན་རི་བོའི་ཐོན་ལས་ལག་རྩལ་གྱི་མཐིལ་སྟེགས་དང་དེ་མིན་གླིང་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་ཐོན་རྫས་འགྲེམས་སྟོན། གཏིང་ཟབ་སྒོས་སྨྱན་སྦྱོར་མཉམ་འདྲེས་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་དང་གྲུབ་འབྲས་གསར་པ་འགྲེམས་སྟོན་བྱས་པ་རེད།

ད་ཐེངས་ཀྱི་ཚོགས་ཆེན་ནི་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གཞུང་ལས་ཁང་དང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཛུབ་ཁྲིད་བྱས་ཤིང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་དང་ཧུའུ་ནན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།