ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཁེ་ལས་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཚན་ཁག་དྲུག་པ་མཚོ་སྔོན་དུ་ཡོང་སྟེ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཁེ་ལས་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟ་སྐུལ་ཞིབ་བཤེར་ཚན་ཁག་དྲུག་པ་མཚོ་སྔོན་དུ་ཡོང་ནས། ཡུལ་དངོས་ནས་ ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་དུ་ལྟ་སྐུལ་ཞིབ་བཤེར་ཚན་ཁག་གི་ཚན་གཙོ། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཟས་རིགས་བདེ་འཇགས་སྤྱི་ཁྱབ་ལྟ་སྐུལ་བ་ཝང་ཐའེ་ཧན་དང་བཅས་པར་ཐུག་འཕྲད་བྱས་པ་དང་།  ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་ཚོགས་འདུར་ཞུགས།

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་ཚན་ཁག་འཁོར་དང་བཅས་པར་དགའ་བསུ་ཞུས་ནས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་དངོས་སུ་འདོན་པ། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་འབད་ཀྱིན་ཡོད། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཚན་ཁག་མཚོ་སྔོན་དུ་ཡོང་ནས་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱེད་ཀྱིན་པ་འདི་ནི། རང་རེའི་ཞིང་ཆེན་གྱི་ལས་ཀའི་རྩ་བརྟག་ནད་དཔྱད་དང་སྐུལ་འདེད་ནུས་ལྡན་བྱས་པ་ཞིག་ཡིན་པས། ང་ཚོས་ལྟ་སྐུལ་ཞིབ་བཤེར་ཚན་ཁག་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་ལས་དོན་སྤེལ་རྒྱུ་ཡིན། ལྟ་སྐུལ་ཞིབ་བཤེར་ཚན་ཁག་གིས་རྙེད་པའི་གནད་དོན་དང་བཏོན་པའི་བསམ་འཆར་ལ་དུས་བཅད་ལྟར་ལེགས་བཅོས་ནན་ཏན་དང་དག་ཐེར་ཡོ་བསྲང་བྱེད་རྒྱུ་ཡིན་པར་མ་ཟད། ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་གོ་སྐབས་སུ་བཟུང་སྟེ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན།

ཝང་ཐའེ་ཧན་གྱིས་བསྟན་དོན། ལྟ་སྐུལ་ཞིབ་བཤེར་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་འགན་འཁྲི་གཙང་སྒྲུབ་ནན་ཏན་བྱེད་རྒྱུ་ཡིན་པ་དང་། ཡུལ་དངོས་ནས་ལྟ་ཞིབ་གཏིང་ཟབ་བྱས་ཏེ་བསམ་འཆར་དང་གྲོས་འགོ་བཏོན་གང་ལེགས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།