ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དག་གིས་ས་ཁུལ་སོ་སོ་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་སོ་སོར་མཐོ་རིམ་སློབ་གྲྭ་དང་ཧེ་ནན།  བོད་ལྗོངས་སོགས་སུ་སོང་ནས།  ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད།   གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ལས་བྱེད་མང་ཚོགས་དང་བཞུགས་མོལ་བྱས།

ཉེ་ལམ།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲིན་པའོ་ཧྲིན་གྱིས་སློབ་གསོའི་ཁོངས་གཏོགས་སུ་སྒྲོག་འགྲེལ་སྙན་ཞུ་ཕུལ།   པེ་ཅིན་གྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་བརྒྱ་དང་རེ་གསུམ་གྱི་དགེ་སློབ་ཁྲི་གཅིག་དང་སྟོང་བཞི་ཡིས་སྙན་ཞུ་ལ་ཉན།

ཁྲིན་པའོ་ཧྲིན་ད་རུང་ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་དང་ཀྲུང་གོ་མི་དམངས་སློབ་ཆེན་དུ་སོང་ནས་དགེ་སློབ་རྣམས་དང་བསམ་བློ་བརྗེ་རེས་བྱས།

ཉེ་ལམ།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།   རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཀྲང་ལེ་མེང་གིས་ཧེ་ནན་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད།  ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་རྒྱས་བཤད་ཟབ་མོ་དང་ཁྱོན་ཡོངས་ནས་འགྲེལ་ཀློག་བྱས།

སྒྲོག་འགྲེལ་སྐབས་སུ།   ཀྲང་ལེ་མེང་ད་རུང་སན་ཧྲ་གྲོང་ཁྱེར་ཡུང་ཞིན་གླིང་ཕྲན་དུ་སོང་ནས་གཞི་རིམ་ལས་བྱེད་དང་མང་ཚོགས་ལ་བཞུགས་མོལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲན་ཁྲིན་ཧྥུའུ་ཡིས་ཉིན་ཤས་ཀྱི་སྔོན་ལ་བོད་ལྗོངས་ལྷ་ས་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད།   ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་རྒྱས་བཤད་ཟབ་མོ་བྱས།

གྲོས་ཚོགས་ཀྱི་རྗེས་སུ།  ཀྲན་ཁྲིན་ཧྥུའུ་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཁུལ་དུ་སོང་ནས་གཞིས་ཁུལ་སྡོད་དམངས་དང་གཞི་རིམ་ལས་བྱེད་མང་ཚོགས་དང་བཞུགས་མོལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།