ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ས་ཁུལ་སོ་སོར་སོང་སྟེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཧོ་པེ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས།   ཡུན་ནན་སོགས་ས་ཁུལ་དུ་སོང་ནས།  ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་དང་མ་ལག་རང་བཞིན་ལྡན་པའི་སྒོ་ནས་རྒྱས་བཤད་དང་སྒྲོག་འགྲེལ་བྱས་པར་མ་ཟད།  གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བསམ་བློ་བརྗེ་རེ་བྱས།

ཉེ་ལམ།  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཝང་མེང་ཧེ་ཡིས་ཧོ་པེ་ཝུའུ་ཧན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་།  ཧོ་པེ་ཡི་ས་ཁུལ་སོ་སོའི་མི་ཁྲི་གཅིག་དང་སྟོང་ལྔ་ལྷག་གིས་སྒྲོག་འགྲེལ་སྙན་ཞུ་ལ་ཉན།

ཉིན་དེའི་ཕྱི་དྲོར།   ཝང་མེང་ཧེ་ད་རུང་ཝུའུ་ཧན་གྲོང་ཁྱེར་ཆེན་ཧྲན་ཁུལ་དང་གཞིས་ཁུལ་དུ་སོང་ནས་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  ཆུ་བེད་པུའུ་ཡི་པུའུ་ཀྲང་ཨུ་ཅིན་ཕེང་གིས་ཉེ་ལམ་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་པ་དང་།   ཏང་ཡོན་དང་ལས་བྱེད་མང་ཚོགས་ཁྲི་ལྷག་གིས་སྒྲོག་འགྲེལ་སྙན་ཞུ་ཚོགས་པའི་བརྙན་རིས་བརྒྱུད་དེ་ཐད་གཏོང་ལ་བལྟས།

སྒྲོག་འགྲེལ་སྐབས་སུ།  ཨུ་ཅིན་ཕེང་དམག་ཚོགས་ཁྲི་ཤོག་བཅུ་གཉིས་པའི་སན་ཕིན་ཞིང་རར་སོང་ནས།  གཞི་རིམ་བརྒྱ་ཤོག་ལས་བྱེད་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧུའུ་ཙུའུ་ཚེ་ཡིས་ཉེ་ལམ་ཡུན་ནན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཡུན་ནན་གྱི་ཁུལ་དང་གྲོང་ཁྱེར་བཅུ་དྲུག་གི་མི་ཁྲི་གསུམ་དང་སྟོང་བདུན་ལྷག་གིས་བརྙན་རིས་གྲོས་ཚོགས་བརྒྱུད་ནས་སྒྲོག་འགྲེལ་སྙན་ཞུ་ལ་ཉན་པ་དང་བལྟས།  གྲོས་ཚོགས་ཀྱི་རྗེས་སུ།  ཧུའུ་ཙུའུ་ཚེ་ད་རུང་མཐོ་རིམ་སློབ་གྲྭ་དང་གཞིས་ཁུལ།   ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་སོང་སྟེ་བཞུགས་མོལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།