ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་སོ་སོ་རུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  བསྟུད་མར་ཉིན་འགའི་རིང་ལ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་སི་ཁྲོན་དང་ཧི་པེ། ཅང་སུའུ་སོགས་ས་ཁུལ་དུ་སོང་སྟེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཕྱོགས་ཡོངས་ནས་རྒྱས་བཤད་དང་སྒྲོག་འགྲེལ་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས།

ཉེ་ལམ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕིན་ཆིན་ཧྭ་ཡིས་སི་ཁྲོན་ཁྲིན་ཏུའུ་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། ཚོགས་ར་གཙོ་བོ་དང་ས་གནས་སོ་སོའི་ཡན་ལག་ཚོགས་རར་མི་ཁྲི་བཞི་ལྷག་ཞུགས། གྲོས་ཚོགས་ཀྱི་རྗེས་སུ་ཕིན་ཆིན་ཧྭ་ཡིས་སྙན་ཞུ་ཚོགས་འདུར་ཞུགས་པའི་གཞི་རིམ་འཐུས་མི་དང་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་རྒྱུན་ལྡན་བྱ་བའི་འགན་འཁུར་བའི་ཀྲུའུ་རིན་གཞོན་པ་མུའུ་ཧོང་ཧི་པེ་ཞོན་ཨན་ཁུལ་གསར་དུ་སོང་ནས་ས་གནས་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་བྱས།

དེའི་རྗེས་སུ་མུའུ་ཧོང་གིས་ཧྲི་ཅ་ཀྲོང་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། མི་འབུམ་གཉིས་ལྷག་གིས་རྒྱང་སྒྲོག་བརྙན་འཕྲིན་དྲ་བའི་བརྙན་རིས་གྲོས་ཚོགས་བརྒྱུད་ནས་ཉན་པ་དང་བལྟས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལིས་ཞོ་ཕིན་གྱིས་ཅང་སུའུ་ནན་ཅིན་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཚོགས་འདུའི་རྗེས་སུ་ལིས་ཞོ་ཕིན་ནན་ཅིན་སློབ་ཆེན་དང་ནན་ཅིན་ཅང་ཞིན་ཀྲིག་འབྲི་ཆུའི་ཟམ་ཆེན་བཟོ་སྐྲུན་ཡུལ་དངོས་ལ་སོང་ནས་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།