ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཏང་གི་ཚགས་པར་འགྲེམ་སྤེལ་བྱ་བའི་བརྙན་རིས་ཚོགས་འདུ་པེ་ཅིན་དུ་བསྡུས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2021ལོའི་ཏང་གི་ཚགས་པར་འགྲེམ་སྤེལ་བྱ་བའི་བརྙན་རིས་ཚོགས་འདུ་པེ་ཅིན་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཏང་གི་ཚགས་པར་འགྲེམ་སྤེལ་བྱ་བའི་བརྙན་རིས་ཚོགས་འདུ་ཚེས16ཉིན་པེ་ཅིན་དུ་བསྡུས།ཚོགས་འདུས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་བྱ་བའི་དོན་སྙིང་ལ་ངེས་ཤེས་ལེགས་པོ་ཡོད་པ་དང་། མི་དམངས་ཉིན་རེའི་ཚགས་པར་དང་། བདེན་འཚོལ་དུས་དེབ།དེ་མིན་འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གཙོ་གནད་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་བསྟན།

ཚོགས་འདུས་བསྟན་དོན།ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་ཐོན་ཁུངས་དང་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་གཙོ་བོ་བྱེད་ས་ཡིན།ས་ཁུལ་དང་སྡེ་ཁག་སོ་སོས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། ཧུར་ཐག་གིས་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། མ་དངུལ་འགན་སྲུང་དང་ཕན་ནུས་ལྡན་པའི་བྱ་བའི་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་མ་ཟད། ཏང་གི་ཚགས་པར་དང་དུས་དེབ་ཀྱི་ཁེབས་རྒྱར་ཁག་ཐེག་བྱེད་དགོས་པ་བསྟན། 

ཚོགས་འདུས་བསམ་བློ་གཅིག་གྱུར་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམ་སྤེལ་བྱ་བའི་འདུས་ཤུགས་མཐོ་རུ་གཏོང་དགོས། ཏང་གི་ཚགས་པར་དང་དུས་དེབ་ཀྱིས་མུ་མཐུད་དུ་འགྲེམ་སྤེལ་གྱི་སྒྲིག་གཞི་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་བ་དང་། འགྲེམ་སྤེལ་གྱི་ཡུན་ཕན་དང་འགྲེམ་སྤེལ་སྤུས་ཚད་མཐོ་རུ་གཏོང་དགོས། མུ་མཐུད་དུ་ལེགས་བཅོས་གསར་གཏོད་དང་། ནང་དོན་སྲོག་ཤིང་ཡིན་པ་རྒྱུན་འཁྱོངས་ཀྱིས། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཚགས་པར་དང་དུས་དེབ་ཀྱི་དཔེ་ཀློག་བེད་སྤྱོད་ལ་ཤུགས་བསྣན་ནས། ཏང་ཡོན་ལས་བྱེད་པའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་དཔེ་ཀློག་གི་ཧུར་ཐག་རང་འགུལ་རང་བཞིན་མཐོ་རུ་བཏང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེེད་པའི་བསམ་བློ་གཅིག་གྱུར་དང་བྱེད་སྟངས་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ཡོང་བར་བྱེད་དགོས་ཞེས་བསྟན།། 



རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།