ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས2020ལོའི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག 《2020ལོའི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་སྤྱི་ཚོགས་ཡོངས་སུ་2020ལོའི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་རྒྱུ་ཡིན་པ་རེད།

བརྡ་ཐོའི་ནང་ནན་བཤད་བྱས་དོན། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་དང་ཀྲུང་གོ་མི་དམངས་ཉེན་རྟོག་པའི་ཉེན་རྟོག་དར་ཆ་སྤྲོད་པའི་མཛད་སྒོའི་ཐོག་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་2020ལོའི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་དུས་བདེ་སྲུང་སྐྱོང་། མི་དམངས་ཀྱི་བདེ་འཁོད་འགན་སྲུང་། དེ་བཞིན་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ཀྱི་འཐབ་ས་དང་པོར་ཐོན་པའི་ཕུལ་བྱུང་གི་གཞི་རིམ་མི་དམངས་ཉེན་རྟོག་པ་ཁག་གཅིག་ལ་བརྟེན་ནས་སྤྱི་བདེའི་དཔའ་བོ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། དུས་རབས་གསར་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་བསྟར་དྲང་གཞག སྒྲིག་ཁྲིམས་ནན་སྲུང་བཅས་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པར་བྱས་ནས། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི་དཔའ་ངར་ཆེར་སྐྱེད་ཀྱི་རྟ་དབྱངས་གཙོ་བོ་མཆོག་ཏུ་འཛིན་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།