ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས་ལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས་འཚོགས་ལ་ཡོད་པའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་ཁྲིམས་སྐྱོང་ཚོང་གཉེར་ཁོར་ཡུག་བཟང་བོ་ཞིག་ཡོད་དགོས། ཀྲུང་གོས་སྒོ་འབྱེད་བཟོད་སྒོམ་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པར་མ་ཟད། ཕྱོགས་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་ཁྲིམས་སྐྱོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་པར་ཁྲིམས་སྐྱོང་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་རིགས་ཀྱི་གྲོགས་པོ་རྣམས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་པར་དགའ་བསུ་ཞུ་བ་དང་། ཚང་མས་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག་གི་རྒྱལ་སྤྱིའི་ཁྲིམས་སྐྱོང་མཉམ་ལས་ལ་དམིགས་ཏེ། བརྗེ་རེས་ཟབ་མོ་བྱེད་པ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་དགོས་ལ། ཁྲིམས་སྐྱོང་ཐབས་ལམ་ལ་བརྟེན་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་ནུས་ལྡན་སྒོས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བར་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།