ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཅང་སུའུ་རུ་བྱ་བར་རྟོག་ཞིབ་གནང་བར་ཕེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་ཧའེ་རུ་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་ངོ30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་རྗེས་ཅང་སུའུ་རུ་རྟོག་ཞིབ་གནང་བར་ཕེབས། ཚེས12ཉིན་གྱི་ཕྱི་དྲོར། ཁོང་དང་ཐོག་ནན་ཐུང་གྲོང་ཁྱེར་ཝུའུ་ཧྲན་ས་ཁུལ་པིན་ཅང་ཡུག་ཁུལ་དུ་ཕེབས་ནས་ས་གནས་དེ་གའི་འབྲི་ཆུའི་འགྲམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། འབྲི་ཆུའི་ཀླུང་རྒྱ་བསྡམས་པ་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། དེ་རྗེས་སུ་ཞི་ཅིན་ཕིང་ནན་ཐུང་རིག་དངོས་གླིང་དུ་ཕེབས་ཏེ་ཀྲང་ཡན་གྱི་མི་ཚེ་ལོ་རྒྱུས་བཤམས་སྟོན་ལ་བལྟས་ཤིང་། ཁོང་གི“ཁེ་ལས་ཀྱིས་རྒྱལ་སྐྱོབ”དང་། སློབ་གསོ། སྤྱི་ཚོགས་སྤྱི་ཕན་བྱ་གཞག་བཅས་འཕེལ་རྒྱས་བཏང་བའི་བྱས་རྗེས་ལ་རྒྱུས་ལོན་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།