ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་པེ་ཅིང་དུ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ11པའི་ཚེས11ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་ཚེས་བཅུ་གཅིག་ཉིན་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཚོས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་ལ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་འཆར་འགོད་དང་གྲོས་གཞི་ལ་སེམས་གཏིང་ནས་མོས་མཐུན་དང་བརྩི་བཀུར་ཞུ་རྒྱུ་ཡིན། འཆར་འགོད་དང་གྲོས་འགོའི་འཆར་འགོད་ཀྱིས་མི་རྣམས་ཀྱི་བརྩོན་སེམས་ཆེ་རུ་བསྐྱེད་པ་དང་། དམིགས་འབེན་བཟོ་འགོད་བྱས་པ་དངོས་ཐོག་བདེན་འཚོལ། བཀོད་སྒྲིག་དང་བྱེད་ཐབས་དངོས་གཉེར་གནད་འཁེལ་བཅས་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་། དེ་ནི་ཕྱིན་ཆད་ཀྱི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་རེད་ཟེར།             ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཚད་གཞིའི་རེའུ་མིག་དང་མཐུན་པར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་རང་རྟོགས་ཀྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་ཕྲག་ཏུ་ལེན་དགོས་ཟེར།

ཝང་དབྱང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དོན་སྙིང་དང་ནང་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཁོང་དུ་ཟབ་མོར་ཆུད་པར་བྱེད་པ་དང་། ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་མི་གྲངས་ཀྱི་གཞི་ཁྱོན་ཧ་ཅང་ཆེ་བ་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ། ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་པ་སོགས་ཀྱི་ཁྱད་ཆོས་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་ནས། མི་དམངས་སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་འཛོམས་པའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་གཏན་འབེབས་དང་ལག་བསྟར་གནད་སྨིན་བྱེད་པར་ཐབས་འདོན་ཇུས་འདོན་དང་སེམས་ཤུགས་སྔར་ལས་གཅིག་སྒྲིལ་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། ལམ་ལུགས་ཀྱིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་གྲོས་ཀྱི་གྲོས་མོལ་ལས་ཀའི་སྒྲིག་སྲོལ་གཏན་འབེབས་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་གྲོས་མོལ་དང་འགན་འཁྲི་སྒྲུབ་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པའི་ལས་དོན་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་བའི་བསམ་འཆར་རྨང་གཞིར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་དགོས། ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུ་དམ་འཛིན་བྱེད་པ་དང་།  དྲང་ཕྱོགས་ནས་སྐུལ་མ་གཏོང་བ་དང་སྒྲིག་ཁྲིམས་ནན་འཛིན་བྱེད་པར་ཤུགས་བསྣན་ནས་སྤྱོད་ཚུལ་དངོས་དང་འགན་འཁྲི་སྒྲུབ་ནུས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུར་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།      ཚོགས་འདུའི་ཐོག་ལྕགས་ཕག་ལོའི་གསར་བརྗེ་སྤེལ་ནས་ལོ་ངོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཆོད་དོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར། བཟོ་བཅོས་བྱས་རྗེས་ཀྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀུན་འཕྲོད་སྒྲིག་སྲོལ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་། ལིའུ་ཆི་པའོ། ཏུང་ཅན་ཧྭ། ཝན་ཀང་། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། ལི་པིན། པ་ཐར། ཝང་ཡུང་ཆིན་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིག་ཞིན་ཁྲིན་། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།