ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཧྲང་ཧེ་དང་ཞིན་ཅང་སོགས་ས་ཁུལ་དུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས10ཉིན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོ་སོར་ཧྲང་ཧེ་དང་ཞིན་ཅང་སོགས་ས་ཁུལ་དུ་སོང་སྟེ་སྒྲོག་འགྲེལ་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་རྒྱས་བཤད་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་ སྐུལ་འདེད་བཏང་།

ཚེས་བཅུ་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཆང་གིས་ཧྲང་ཧེ་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། ཁོས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་པའི་དོན་སྙིང་གལ་ཆེན་དང་ཕན་ཡོད་ཆ་རྐྱེན། ཁྱད་ཆོས་གལ་ཆེན་སོགས་ནང་དོན་ལ་ངོས་འཛིན་ཟབ་མོ་བྱེད་པར་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་རྒྱས་བཤད་བྱས།

ཚོགས་འདུའི་རྗེས་སུ། ལིས་ཆང་གིས་ད་དུང་གཞི་རིམ་གྱི་འཐུས་མི་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཚེས་བཅུ་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་ཡིས་ཝུའུ་ལུའུ་མུའུ་ཆི་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། ཞིན་ཅང་གི་ཏིས་དང་ཁུལ། གྲོང་ཁྱེར་བཅུ་བཞིའི་རྫོང་དང་གྲོང་ཁྱེར། ས་ཁུལ། གྲུ་ཁ་བརྒྱ་དང་དྲུག་ནས་བརྙན་འཕྲིན་དང་ཁ་པར་བརྒྱུད་ནས་སྒྲོག་འགྲེལ་གནས་ཚུལ་དངོས་ལ་བལྟས།

ཚོགས་འདུའི་རྗེས་སུ། ཁྲིན་ཆོན་གོ་ཡིས་ད་དུང་ཆེད་མཁས་པ་དང་ཤེས་ཡོན་ཅན། ན་གཞོན་སློབ་མ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།