ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་པེ་ཅིན་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས9ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད། གཞི་རིམ་དུ་བསྐྱོད་ནས་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་བཞུགས་མོལ་དང་བསམ་ཚུལ་བརྗེ་རེས་བྱས།

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་གྱི་སྔ་དྲོ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་ཡིས། “གནས་བབ་གསར་པ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ལས་ཀའི་བླང་བྱ་གསར་པ་བཅས་ཁོང་དུ་ཆུད་པར་བྱེད་པ”སོགས་ཀྱི་ནང་དོན་ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་།  པེ་ཅིན་གྲོང་ཁྱེར་གྱི་མི་ཁྲི་གཉིས་ལྷག་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས།

ཚོགས་འདུ་གྲོལ་རྗེས་ཚའེ་ཆི་ཡིས་ད་དུང་གཞི་རིམ་གྱི་འཐུས་མི་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།