ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《དཔང་ཡིག་དོན་ཚན་དང་ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཁས་ལེན་དོན་ཚན་གསལ་བརྡ་གཏོང་བའི་ཁས་ལེན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་བརྡལ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《དཔང་ཡིག་དོན་ཚན་དང་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཁས་ལེན་དོན་ཚན་ཕྱོགས་ཡོངས་ནས་ཁྱབ་བརྡལ་གཏོང་རྒྱུའི་སྐོར་གྱི་ཁས་ལེན་ལམ་ལུགས་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམས་བྱས།

《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། “གློད་སྡོམ་ཞབས་ཞུ་གསུམ”གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྲིད་གཞུང་གི་འགན་ནུས་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་། ཁེ་ལས་དང་མང་ཚོགས་ཀྱིས་ལས་སྒྲུབ་ལས་སྐྲུན་བྱེད་པར་སྟབས་བདེ་བཟོ་དགོས། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

《བསམ་འཆར》ནང་བླང་བྱ་བཏོན་དོན། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་དང་། ལས་ཆོད་ཆེ་ཞིང་དམངས་ལ་སྟབས་བདེ་བ། མཉམ་སྡེབ་ཀྱིས་སྐུལ་སྤེལ་བྱེད་པ། ཉེན་ཁ་ཚོད་འཛིན་ཐུབ་པ་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་ལས་ཁུངས་ཀྱིས་གསལ་པོར་བཤད་པ་དང་། ཁེ་ལས་དང་མང་ཚོགས་ཀྱིས་ཁ་དན་ཚིག་ལ་གནས་པ་གཙོ་གནད་དུ་བཟུང་ནས། ལམ་ལུགས་ཀྱི་ཐོག་ནས་ཁེ་ལས་དང་མང་ཚོགས་ཀྱིས་ལག་ཁྱེར་མང་པོ་གཉེར་བ་དང་བྱ་བ་སྒྲུབ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་སྔར་ལས་ལེགས་པོ་བྱེད་དགོས་ཟེར།

《བསམ་འཆར》ནང་གསལ་བཤད་ཁས་ལེན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་བརྡལ་གཏོང་བའི་ལས་འགན་གཙོ་བོ་གཏན་འཁེལ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།