ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ས་གནས་སོ་སོར་སོང་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས8ཉིན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་སོ་སོར་ཀོང་ཏུང་དང་ཐེན་ཅིན་སོགས་ས་ཁུལ་དུ་སོང་སྟེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་རྒྱས་བཤད་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཀུན་ལ་ཤེས་སུ་འཇུག་པར་སྐུལ་འདེད་བཏང་བ་དང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས།

ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་ཡིས་ཀོང་ཀྲིག་ཏུ་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། ཁོས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་ཕན་ཡོད་ཆ་རྐྱེན་དང་ཁྱད་ཆོས་གལ་ཆེན་སོགས་ནང་དོན་ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་རྒྱས་བཤད་བྱས་ཤིང་། ཀོང་ཏུང་ཞིང་ཆེན་གྱི་མི་ཁྲི་གཉིས་ལྷག་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུར་ཞུགས།

སྙན་ཞུའི་ཚོགས་འདུའི་རྗེས་སུ་ལིས་ཞི་ཡིས་ད་དུང་ལས་རིགས་སོ་སོའི་འཐུས་མི་དང་བསམ་བློ་བརྗེ་རེས་བྱས།

ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཀྲུང་གིས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པ་སོགས་ཕྱོགས་བཞི་ལ་དམིགས་ནས། ཐེན་ཅིན་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཞིབ་མོ་བྱས།

སྙན་ཞུའི་ཚོགས་འདུའི་རྗེས་སུ་ལིས་ཧོང་ཀྲུང་གིས་ད་དུང་ཚང་མ་དང་ལྷན་དུ་བརྗེ་རེས་དང་གྲོས་སྡུར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།