ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས5ཉིན་ནས་ཚེས་བདུན་ཉིན་བར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་བསྡུས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཤིང་། ས་གནས་སྒྲོག་འགྲེལ་རྐང་འཛིན་པ་གསོ་སྦྱོང་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་གཞི་རིམ་སྒྲོག་འགྲེལ་བྱ་བར་བཀོད་སྒྲིག་བྱས།

བགྲོ་གླེང་འཛིན་གྲྭར་ཞུགས་པའི་བློ་མཐུན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་པ་དང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཞིབ་འཇུག་དང་རྒྱས་བཤད་བྱེད་པ་དང་གསར་སྐྲུན་རང་བཞིན་གྱི་སྒོ་ནས་གཞི་རིམ་རིགས་གཞུང་སྒྲོག་འགྲེལ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བགྲོ་གླེང་དང་བརྗེ་རེས་བྱས། ཚང་མས་བལྟས་ན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཁྱོན་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་གྲོས་གཞི་དེ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། སྒྱུར་བཅོས་སྟོབས་ལྡན་གྱི་དགོངས་དོན་དང་དམ་པོར་སྦྲེལ་ཡོད་ལ། རིགས་གཞུང་དང་ལམ་ལུགས། ལག་ལེན་བཅས་ཀྱི་སྟེང་དུ་བརྒལ་གཏོར་གསར་བ་བྱུང་ཞིང་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་པ་དང་། ཕྱིན་ཆད་ཀྱི་ལོ་ལྔ་དང་དེ་ལས་རིང་བའི་དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགུལ་སྐྱོད་ཕྱོགས་སྟོན་ཡིན་པར་སྙམ།

ས་གནས་སོ་སོའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་འཆད་ཁྲིད་དགེ་རྒན་ཚོགས་པའི་ཚོགས་གཙོ། རིགས་གཞུང་ཁྲུའུ་ཡི་ཁྲུའུ་ཀྲང་། འབྲེལ་ཡོད་སློབ་ཆེན་དང་རིགས་གཞུང་ལས་སྟེགས་ཀྱི་འགན་འཁུར་བློ་མཐུན། གཞི་རིམ་གྱི་རིགས་གཞུང་སྒྲོག་འགྲེལ་སྔོན་ཐོན་འཐུས་མི་བཅས་བགྲོ་གླེང་འཛིན་གྲྭར་ཞུགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།