ཀྲུང་གོ་བོད་ཀྱི་དྲ་བ།

​ལིས་ཁི་ཆང་གིས་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་ལ་ཀྲུང་དབྱི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ50འཁོར་བར་རྟེན་འབྲེལ་གྱི་གློག་འཕྲིན་སྤྲིངས་རེས་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11བའི་ཚེས4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་ལ་ཀྲུང་དབྱི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ50འཁོར་བར་རྟེན་འབྲེལ་གྱི་གློག་འཕྲིན་སྤྲིངས་རེས་གནང་།

ལིས་ཁི་ཆང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ50རིང་། ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་ཡིད་ཆེས། མཉམ་ལས་མཉམ་རྒྱལ་ལ་རྒྱུན་འཁྱོངས་བྱས་པས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་སོང་ཡོད། ངས་ཙུང་ལི་ཁུང་ཐེ་དང་མཉམ་དུ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ50འཁོར་བ་གོ་སྐབས་སུ་བྱས་ཏེ་ཕྱོགས་གཉིས་པོའི་མཛའ་གྲོགས་དང་གཉིས་ཁེ་མཉམ་ལས་ལ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཀྲུང་གོ་དང་དབྱི་ཐ་ལི་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་དགོས།

ཁུང་ཐེ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་བཙུགས་ནས་ལོ་ངོ50རིང་། དབྱི་ཐ་ལི་དང་ཀྲུང་གོ་གཉིས་ཕན་ཚུན་མཛའ་མཐུན་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་། ཕན་ཚུན་འབྲེལ་གཏུག་དང་། མཉམ་ལས། སྤེལ་རེས་བཅས་དམ་ཟབ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། དབྱི་ཐ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཐད་མཐུན་སྒྲིལ་མཉམ་ལས་བྱས་པ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་སྲིད་གཞུང་བར་འབྲེལ་བ་བརྟན་པོ་ཆགས་པའི་དཔེ་མཚོན་དུ་གྱུར་ཡོད། ངས་བསམ་ན་མ་འོངས་བར་རྒྱལ་ཁབ་གཉིས་པོའི་རོགས་ཟླའི་འབྲེལ་བ་སྔར་ལས་མཛེས་སྡུག་ལྡན་ཞིང་། ཁྱེད་དང་ལྷན་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རེ་བ་བསྐོང་ཅི་ཐུབ་བྱ་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།