ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ཐོ་འགོད་ཁྲོད་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20201103095900XSLM.jpg

རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ཐོ་འགོད་བྱ་བ་རྒྱལ་ཡོངས་སུ་སྒྲུབ་བཞིན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་ནན་ཧེ་ནས་མི་གྲངས་ཁྱབ་བཤེར་ཐོ་འགོད་ཁྲོད་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ཐོ་འགོད་བྱ་བ་རྒྱལ་ཡོངས་སུ་སྒྲུབ་བཞིན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་ནན་ཧེ་ནས་མི་གྲངས་ཁྱབ་བཤེར་ཐོ་འགོད་ཁྲོད་ཞུགས།

ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། ཞི་ཅིན་ཕིང་ཀྲུང་ནན་ཧེ་ཧའེ་རིན་ཐང་དུ་ཕེབས་པ་དང་། ཐོ་འགོད་ཀྱི་འགན་འཁུར་བའི་ཁྱབ་བཤེར་པ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་བྱས། ཐེངས་འདིའི་ཁྱབ་བཤེར་བྱ་བར་གློག་རྡུལ་ཅན་གྱི་ཐོ་འགོད་རྣམ་པ་སྤྱོད་བཞིན་ཡོད་ལ། ཞི་ཅིན་ཕིང་གིས་ཁྱབ་བཤེར་ཐོ་འགོད་ཀྱི་རེ་བ་ལྟར་ཁྱབ་བཤེར་པའི་དྲི་བར་རིམ་པ་བཞིན་ལན་བཏབ་པ་དང་། ཁྱབ་བཤེར་པ་གཉིས་ཀྱིས་ཆ་འཕྲིན་རེ་རེ་བཞིན་གློག་ཀླད་དུ་ནང་འཇུག་བྱས། དེར་མཐུད་ནས་ཞི་ཅིན་ཕིང་གིས་སྙན་ཞུ་པའི་མིང་འབྲི་སར་རང་ཉིད་ཀྱི་མིང་བྲིས།

ཐོ་འགོད་བྱས་རྗེས། ཞི་ཅིན་ཕིང་གིས་ཁྱབ་བཤེར་པ་གཉིས་ཀ་བརྒྱུད་དེ་ཐེངས་འདིའི་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐོ་འགོད་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁྱབ་བཤེར་པ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཡར་ཞུ་མདོར་བསྡུས་ཤིག་བྱས། ཞི་ཅིན་ཕིང་གིས་ཁྱབ་བཤེར་པ་གཉིས་དང་ཁྱབ་བཤེར་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་ཁྱབ་བཤེར་པ་ས་ཡ་བདུན་ལྷག་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། མི་གྲངས་བྱ་བ་དང་མི་གྲངས་ཁྱབ་བཤེར་བྱ་བ་ཧ་ཅང་གལ་ཆེ། རང་རྒྱལ་ནི་འཛམ་གླིང་སྟེང་དུ་མི་གྲངས་ཆེས་མང་པོའི་རྒྱལ་ཁབ་ཡིན་པ་དང་མི་གྲངས་གནད་དོན་ནི་དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཡིན། མི་གྲངས་ཁྱབ་བཤེར་ནི་ལོ་བཅུའི་ནང་དུ་ཐེངས་གཅིག་ལ་སྤེལ་བཞིན་ཡོད། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་གཅིག་ལོན་པའི་ལོ་ཡིན་པ་དང་། མི་གྲངས་ཁྱབ་བཤེར་བྱེད་ཐེངས་བདུན་པ་ཡིན། ཐེངས་སྔོན་མ་དྲུག་གི་མི་གྲངས་ཁྱབ་བཤེར་ཐད་ནས་ནོར་འཆུག་མེད་པའི་མི་གྲངས་སྡོམ་རྩིས་གཞི་གྲངས་ཐོབ་ནས། ཏང་དང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྲིད་ཇུས་དང་མི་གྲངས་སྲིད་ཇུས་གཏན་འཁེལ་བྱེད་པར་ནུས་པ་གལ་ཆེན་བཏོན། རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པ་ནི་དུས་རབས་གསར་བར་སྤེལ་བའི་རྒྱལ་དོན་རྒྱལ་ཤུགས་གལ་ཆེན་ལ་ཞིབ་བཤེར་ཐེངས་ཤིག་བྱེད་རྒྱུ་ཡིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་ཟེར།

ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྱང་ཀྲུང་ནན་ཧེ་ནས་སོ་སོར་མི་གྲངས་ཁྱབ་བཤེར་ཐོ་འགོད་ཁྲོད་ཞུགས།

རང་རྒྱལ་གྱི་མི་གྲངས་ཁྱབ་བཤེར་དེ་ལོ་བཅུའི་ནང་ཐེངས་གཅིག་ལ་སྒྲུབ་བཞིན་ཡོད་ལ། རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པ་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་བར་ཁྱིམ་ཚང་རེ་རེར་སོང་ནས་ཐོ་འགོད་བྱེད་རྒྱུ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བ་ནས་བཟུང་འཕྲོ་རིམ་འཕྲོར་ཁྱབ་བཤེར་བྱས་པའི་གཞི་གྲངས་གཙོ་བོ་ཁྱབ་སྒྲོག་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།