ཀྲུང་གོ་བོད་ཀྱི་དྲ་བ།

“ཐེན་ཝུན་དང་པོའི”འཚོལ་ཞིབ་ཚད་ལེན་འཕྲུལ་ཆས་ཀྱི་རྒྱུད་ལམ་དག་བཅོས་བྱེད་ཐེངས་གསུམ་པ་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2020ལོའི་ཟླ10བའི་ཚེས28ཉིན་གྱི་ཆུ་ཚོད22ཙམ་ལ་རང་རྒྱལ་གྱི་ཐེངས་དང་པོའི་སྐར་མ་མིག་དམར་གྱི་འཚོལ་ཞིབ་ལས་འགན་གྱི་འཕུར་སྐྱོད་ཚོད་འཛིན་ཚོགས་པའི་ཚོད་འཛིན་འོག་“ཐེན་ཝུན་དང་པོའི”འཚོལ་ཞིབ་ཚད་ལེན་འཕྲུལ་ཆས་ཀྱི་སྒུལ་བྱེད་འཕྲུལ་འཁོར25Nབརྒྱད་པོ་དུས་མཉམ་དུ་སྒུལ་སློང་བྱས་ཞིང་། རྒྱུད་ལམ་དག་བཅོས་ཐེངས་གསུམ་པ་བདེ་བླག་ངང་ལེགས་གྲུབ་བྱུང་བ་མ་ཟད། རྒྱུད་ལམ་སྟེང་སྒུལ་བྱེད་འཕྲུལ་འཁོར25Nཡི་ནུས་པ་དངོས་འདོན་སྤེལ་བྱས།

ཆེད་མཁས་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུད་ལམ་དག་བཅོས་ཐེངས་གསུམ་པ་བྱེད་དོན་ནི་མཁའ་དབྱིངས་སུ་སྒུལ་སློང་བྱས་རྗེས་རྒྱུད་ལམ་སྤོ་སྒྱུར་ལ་ཡང་བསྐྱར་ལེགས་སྒྲིག་ཕྲན་བུ་བྱས་ནས། མ་འོངས་པར་སྐར་མ་མིག་དམར་གྱི་འཚོལ་ཞིབ་ཚད་ལེན་འཕྲུལ་ཆས་དེ་སྔོན་བཀོད་ཀྱི་དུས་ཚོད་ནང་སྐར་མ་མིག་དམར་དང་འཕྲད་པར་བྱ་ཆེད་རེད།

མིག་སྔའི་བར“ཐེན་ཝུན་དང་པོ”རྒྱུད་ལམ་སྟེང་ཉིན97ལ་འཕུར་སྐྱོད་བྱས་ཏེ་སའི་གོ་ལ་དང་བར་ཐག་སྟོང་སྨི་ཁྲི་ཚོ4400ལྷག་དང་འཕུར་སྐྱོད་ལམ་ཐག་སྟོང་སྨི་དུང་ཕྱུར2.56ལྷག་ལ་སླེབས་ཡོད་པ་དང་། འཚོལ་ཞིབ་ཚད་ལེན་འཕྲུལ་ཆས་ཀྱི་མ་ལག་ཁག་གི་རྣམ་པ་རྒྱུན་ལྡན་ཡིན་ལ་ས་ངོས་ཚད་ལེན་ཚོད་འཛིན་འཕྲིན་གཏོང་ལྟེ་གནས་ཁག་དང་ས་ཚིགས་བར་རྒྱུན་གཏན་གྱི་རྗེས་སྙེག་བྱེད་ཀྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།