ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རྒྱང་ཚོར་ཨང་སུམ་ཅུ་པའི་སྲུང་སྐར07པ་བདེ་བླག་ངང་འཕེན་གཏོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(科技)(1)我国成功发射遥感三十号07组卫星

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས26ཉིན་གྱི་ཆུ་ཚོད23དང་སྐར་མ19ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་རྒྱང་ཚོར་ཨང་སུམ་ཅུ་པའི་སྲུང་སྐར07པ་བདེ་བླག་ངང་སྔོན་ལ་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ་བས་འཕེན་གཏོང་ལེགས་གྲུབ་བྱུང་། ཐེངས་འདིའི་ལས་འགན་ནང་ད་དུང་གནམ་སྒོ་སྐར་ཚོམ06པའང་འཕེན་གཏོང་བྱས་པ་རེད།

རྒྱང་ཚོར་ཨང་སུམ་ཅུ་པའི་སྲུང་སྐར07པ་ནི་སྲུང་སྐར་མང་པོ་དྲ་སྦྲེལ་བྱེད་པའི་དཔེ་དབྱིབས་སྤྱད་ཡོད་ལ་གཙོ་བོར་གློག་ཁབ་ལེན་གྱི་ཁོར་ཡུག་འཚོལ་ཞིབ་ཚད་ལེན་དང་དེ་འབྲེལ་གྱི་ལག་རྩལ་ཚོད་ལྟ་བྱེད་པར་སྤྱོད་རྒྱུ་རེད། གནམ་སྒོ་སྐར་ཚོམ06པ་ནི་པེ་ཅིང་རྒྱལ་ཁབ་གློག་ཤུགས་མཐོ་རིམ་ཚན་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་བྱས་ནས་བཟོས་བའི་ཚགས་པར་དང་ཡི་གེ་འཕྲིན་གཏོང་གི་སྲུང་སྐར་ཞིག་དང་། གནམ་སྒོ་གཞི་གྲངས་འཚོལ་བསྡུ་བྱེད་པའི་སྲུང་སྐར་ཨང6པ་ཡིན་པས་དེས་སྤྱོད་མཁན་རྣམས་ལDCSགཞི་གྲངས་བརྒྱུད་གཏོང་གི་ཞབས་ཞུ་མཁོ་འདོན་བྱེད་ཐུབ། 

 ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས350པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།