ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨར་སའེ་ལགས་པོ་ལི་ཝེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨར་སའེ་ལ་གློག་འཕྲིན་བཏང་ནས་ཁོང་མི་རིགས་མང་པོའི་རྒྱལ་ཁབ་པོ་ལི་ཝེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར།  ཀྲུང་གོ་དང་པོ་ལི་ཝེ་ཡ་ནི་གྲོགས་པོ་བཟང་བོ་དང་རོགས་ཟླ་བཟང་བོ་དེ་ཡིན། ཉེ་བའི་ལོ་ཤས་རིང་།  ཀྲུང་གོ་དང་པོ་ལི་ཝེ་ཡ་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཕེལ་རྒྱས་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ནས་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལྷག་པར་དུ2018ལོར་རྒྱལ་ཁབ་གཉིས་བར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད་ལ། ཕྱོགས་གཉིས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་བསྐྲུན་ཡོད། ངས་ཀྲུང་གོ་དང་པོ་ལི་ཝེ་ཡ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས་ཁྱེད་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད།  ཀྲུང་གོ་དང་པོ་ལི་ཝེ་ཡ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཁྱེད་ཀྱི་འགོ་ཁྲིད་འོག་ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་གྲུབ་འབྲས་གསར་པ་ལོན་པར་སྙིང་ཐག་པ་ནས་སྨོན་འདུན་ཞུས་པ་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།