ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཚེས26ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་ཞུ་ཕུལ་བ་མ་ཟད། ཚང་འཛོམས་གྲོས་ཚོགས་ལ《ཀྲུང་གུང་ཀྲུང་དབྱང་གིིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང2035ལོའི་རྒྱང་རིང་བའི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་བསམ་འཆར(གྲོས་བསྡུར་མ་ཟིན)》གསལ་བཤད་གནང་བ་རེད། །