ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་བྱང་ཕྱོགས་ས་ཁུལ་གྱི་དྲོད་འདོན་འགན་སྲུང་བྱེད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2020-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར་ན། ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་བྱང་ཕྱོགས་ས་ཁུལ་གྱི་དྲོད་འདོན་འགན་སྲུང་བྱེད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། བྱང་ཕྱོགས་ས་ཁུལ་གྱི་དགུན་ཁའི་དྲོད་འདོན་འགན་སྲུང་བྱེད་པ་ནི་དམངས་ཚིས་བཟོ་སྐྲུན་དང་དམངས་སེམས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པ་དང་དེ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་ཐད་ཀར་དུ་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དོན་བཟང་ལེགས་པོར་བསྒྲུབ་པ་དང་དོན་དངོས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་ལྡན་གྱི་དགུན་ཞིག་རོལ་ཐུབ་པ་འགན་སྲུང་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། འབྲེལ་ཡོད་ས་གནས་དང་ལས་ཁུངས། ཁེ་ལས་བཅས་ཀྱིས་འགན་འཁྲི་དམ་འཛིན་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། བྱ་བ་སྣ་ཚོགས་ཞིབ་ཕྲ་དང་ནན་ཏན་སྒོས་བསྒྲུབ་པ་དང་ཧུར་ཐག་སྒོས་འགན་སྲུང་ལྔ་ལེགས་པོར་བསྒྲུབ་དགོས། སྦུགས་དྲ་བཅོས་སྒྱུར་རྗེས་ཀྱི་དྲོད་འདོན་འགན་སྲུང་རྐྱེན་སྲོལ་གསར་བ་འཁོར་སྐྱོད་བྱེད་པ་འགན་སྲུང་བྱས་ཏེ། མཐུན་སྦྱོར་བཀོད་སྒྲིག་དང་བྱ་བའི་འབྲེལ་མཐུད་ལ་ཤུགས་སྣོན་ཞིང་སྦུགས་དྲའི་འཁོར་སྐྱོད་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་། འཕྲལ་སྒྲུབ་དྲོད་འདོན་འགན་སྲུང་སྔོན་དཔག་གྲོས་གཞི་འཐུས་ཚང་དུ་གཏོང་དགོས། དྲོད་འདོན་བདེ་འཇགས་འགན་སྲུང་བྱས་ཏེ། དགུན་ཁ་མ་ཐོན་པའི་སྔོན་ལ་སྣུམ་རླངས་སྒྲིག་ཆས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་ཐེངས་ཤིག་བྱེད་པ་དང་། བདེ་འཇགས་ཉེན་ཁར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་དགོས་པར་མ་ཟད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དགོས། འབྲེལ་ཡོད་ས་གནས་དང་ལས་ཁུངས། ཁེ་ལས་བཅས་ཀྱིས་ཉིན་རེར་དྲོད་འདོན་འགན་སྲུང་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། དྲོད་འདོན་དགོས་མཁོའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས་དུས་ཐོག་དང་མཐུན་སྦྱོར་སྒོས་གནད་དོན་ཐག་གཅོད་དགོས་ཟེར།

ཧི་ལིས་ཧྥིན་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།