ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཐོང་དཀོན་ནད་རིགས་ལ་འགོག་བཅོས་ཡག་པོ་བསྒྲུབ་རྒྱུ་དེ་བདེ་ཐང་གི་ཀྲུང་གོ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཞེས་བཤད་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཞའོ་ཝུའེ་ཡིས་ཚེས24ཉིན་འཚོགས་པའི2020ལོའི་ཀྲུང་གོའི་མཐོང་དཀོན་ནད་ཀྱི་ཚོགས་ཆེན་ཐོག་བཤད་རྒྱུར། འབྲེལ་ཡོད་ལས་ཁུངས་ཀྱི་གཞི་གྲངས་ལྟར་ན། རང་རྒྱལ་དུ་མཐོང་དཀོན་ནད་རིགས་ཕོག་པའི་ནད་པ་ཁྲི2000ཙམ་ཡོད་པ་རེད། མཐོང་དཀོན་ནད་རིགས་ལ་འགོག་བཅོས་ཡག་པོ་བསྒྲུབ་རྒྱུ་དེ་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།

མཱ་ཞའོ་ཝུའེ་ཡིས་བཤད་རྒྱུར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁག་དང་པོའི་མཐོང་དཀོན་ནད་ཀྱི་དཀར་ཆག་པར་འགྲེམས་བྱས་ཏེ་རང་རྒྱལ་གྱི་མཐོང་དཀོན་ནད་ཀྱི་དོན་སྤྱི་དང་ནད་རིགས་ཀྱི་ཁྱབ་ཁོངས་སོགས་ཁ་གསལ་བཟོས་ནས། དོ་དམ་བྱེད་ཁོངས་གཏན་ཁེལ་དང་། རྒྱལ་ཡོངས་སུ་མཐོང་དཀོན་ནད་གཞིར་ནད་བརྟག་སྨན་བཅོས་བྱེད་པའི་མཉམ་ལས་དྲ་བ་འཛུགས་པ། མཉམ་ལས་དྲ་བ་བརྒྱུད་ནས་མཐོང་དཀོན་ནད་གཞིར་སྨན་བཅོས་བརྗེ་སྒྱུར་དང་རྒྱང་བསྟེན་ནད་དཔྱད་ལམ་ལུགས་འཛུགས་པ། མཐོང་དཀོན་པའི་ནད་དཔེ་ཐད་ཞུ་དང་། མཐོང་དཀོན་པའི་ནད་གཞིར་ནད་བརྟག་སྨན་བཅོས་བྱེད་པའི་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ་མ་ཟད་མུ་མཐུད་དུ་གསོ་སྦྱོང་གི་ལས་དོན་སྤེལ་བ་བཅས་བྱས་ནས། རང་རྒྱལ་གྱི་མཐོང་དཀོན་ནད་རིགས་སྨན་བཅོས་བྱེད་པར་ཁྱོན་ཡོངས་ནས་སྲིད་ཇུས་དང་བྱེད་ཐབས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།

མཱ་ཞའོ་ཝུའེ་ཡིས་བསྟན་དོན། མཐོང་དཀོན་པའི་ནད་ཀྱི་འབྱུང་རྐྱེན་རྙོག་འཛིང་ཆེ་ལ། མཐོང་དཀོན་པའི་ནད་ཀྱི་འབྱུང་རྐྱེན་དང་སྨན་རྫས་ཞིབ་འཇུག་བྱ་རྒྱུ་ནི་རང་རྒྱལ་གྱི་གསོ་རིག་རྨང་གཞི་དང་ནད་ཐོག་སྨན་བཅོས་ཟུང་འབྲེལ་བྱས་ནས་ཚན་རིག་ཞིབ་འཇུག་ལ་གྲུབ་འབྲས་ལེན་པའི་གོ་སྐབས་བཟང་བོ་ཞིག་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།