ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་ཉི་ཤུ་ལོའི་ཕུའུ་ཅང་གསར་སྐྲུན་གླེང་སྟེགས་ཚོགས་འགོ་རྩོམ་པའི་མཛད་སྒོར་བརྙན་རིས་བརྒྱུད་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲང་ཧེ་ནས་བསྡུས་པའི་ཉིས་སྟོང་ཉི་ཤུ་ལོའི་ཕུའུ་ཅང་གསར་སྐྲུན་གླེང་སྟེགས་ཚོགས་འགོ་རྩོམ་པའི་མཛད་སྒོར་བརྙན་རིས་བརྒྱུད་ནས་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། ཚན་རྩལ་གསར་སྐྲུན་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཡིན། ཀྲུང་གོ་སྲིད་གཞུང་གིས་ཚན་རྩལ་གསར་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཤུགས་ཆེན་པོས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་ཤུགས་བསྣན་ནས། དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་དམངས་ཚིས་མུ་མཐུད་དུ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་གསར་སྐྲུན་གྱི་འདེགས་ཤུགས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ནས། འཕེལ་རྒྱས་ལ་གསོན་ཤུགས་སྣོན་པ་དང་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ངེས་ཡིན། ང་ཚོས་མུ་མཐུད་དུ་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་རང་འགུལ་སྒོས་འཛམ་གླིང་ཡོངས་ཀྱི་གསར་སྐྲུན་དྲ་རྒྱ་དང་མཉམ་བསྲེས་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་མ་ཟད། ཚན་རྩལ་ཡར་ཐོན་ལ་རོགས་འདེགས་བྱེད་ངེས་ཡིན་ཟེར།

ཐེངས་འདིའི་གླེང་སྟེགས་ཀྱི་མགྲོན་བདག་གཙོ་བོའི་རྒྱལ་ཁབ་སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པུས་ཆི་ཡིས་ཀྱང་བརྙན་རིས་བརྒྱུད་ནས་ཤིས་ཚིག་ཕུལ་ཏེ། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གཞི་གྲངས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གསར་སྐྲུན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་ཚན་རྩལ་མཉམ་ལས་དང་གསར་སྐྲུན་མཉམ་བཅོས་ཞེས་པ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་སྲིད་གཞུང་གི་དཔོན་རིགས་དང་ཁེ་ལས་པ། ཆེད་མཁས་པ། ཤེས་ཡོན་ཅན་བརྒྱ་ལྷག་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།