ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཧྥན་ཏི་ཀང་གཉིས་ཀྱིས་ཆོས་དཔོན་བསྐོ་གཞག་གི་གནས་སྐབས་རང་བཞིན་གྱི་གྲོས་མཐུན་ལོ་གཉིས་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས22ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་བཤད་དོན། ཚེས22ཉིན་ཀྲུང་གོས་ཧྥན་ཏི་ཀང་དང་མཛའ་གྲོགས་གྲོས་མོལ་བྱས་པ་བརྒྱུད་ཆོས་དཔོན་བསྐོ་གཞག་གི་གནས་སྐབས་རང་བཞིན་གྱི་གྲོས་མཐུན་ལོ་གཉིས་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས།

ཀྲའོ་ལི་ཅན་གྱིས་ཕྱོགས་གཉིས་པོས་མུ་མཐུད་དུ་འབྲེལ་གཏུག་དང་གྲོས་མོལ་དམ་ཟབ་དང་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ལེགས་སུ་གཏོང་བའི་འཕེལ་རིམ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཀྲུང་གོས་ཧྥན་ཏི་ཀང་གཉིས་ཀྱིས་མ་འོངས་པའི་ཕྱི་འབྲེལ་བྱ་བར་ཇི་ལྟར་ཐག་གཅོག་བྱ་རྒྱུའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་མེད་ལ་ལན་འདེབས་སྐབས། ཀྲའོ་ལི་ཅན་གྱིས་གནས་སྐབས་རང་བཞིན་གྱི་གྲོས་མཐུན་དེས་ཀྲུང་ཧྥན་དབར་གྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བ་རྒྱུན་མཐུད་བྱས་ཡོད་ཟེར།

2018ལོའི་ཟླ9བའི་ཚེས22ཉིན་ཀྲུང་ཧྥན་ཕྱོགས་གཉིས་པོའི་འཐུས་མིས་པེ་ཅིང་དུ་གྲོས་མོལ་བྱས་ནས་ཆོས་དཔོན་བསྐོ་གཞག་བྱ་རྒྱུའི་སྐོར་གྱི་གནས་སྐབས་རང་བཞིན་གྱི་གྲོས་མཐུན་སྟེང་མིང་རྟགས་བཀོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།