ཀྲུང་གོ་བོད་ཀྱི་དྲ་བ།

ལོ70ཡི་ཚད་གཞི་འདི་མེད་པར་བཟོས་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20201022152136.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས22ཉིན། སྤྱི་བདེ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱིས་ཉོ་འཚོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲིད་ཇུས་གསར་བ12བསྒྲགས་པ་རེད།

དེའི་ནང་། རྒན་རྒོན་ཅན་སྤྱི་ཚོགས་ཀྱི་དགོས་མཁོ་གསར་པ་དང་བསྟུན་ཆེད། རླངས་འཁོར་ཆུང་གྲས་དང་། རང་འགུལ་རླངས་འཁོར་ཆུང་གྲས། འཕྲུལ་རྟའི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་སྐབས་ལོ70ཚད་གཞི་མེད་པར་བཟོས་པ་རེད། ལོ70ཡན་སོན་པའི་མི་སྣས་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་སྐབས། ཡིད་འཛིན་གྱི་ནུས་པ་དང་བརྡར་གཅོད་ནུས་པ། སྐབས་བསྟུན་ནུས་པ་སོགས་ཀྱི་ཚད་ལེན་ཚོད་ལྟ་བྱས་ཏེ། ལུས་པོའི་ཆ་རྐྱེན་བདེ་འཇགས་ངང་རླངས་འཁོར་སྐོར་བའི་ཆ་རྐྱེན་དང་མཐུན་པར་ཁག་ཐེག་བྱེད་དགོས། བྱེད་ཐབས་གསར་པ་དེ་ཟླ11ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།