ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་ངོ70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས23ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་། ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་ངོ70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་མིི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་སྟེང་ཞུགས་རྒྱུ་ཡིན་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད། 

དེའི་སྐབས་སུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཤིན་ཧྭ་གསར་འགྱུར་དྲ་བའི་ཡུལ་དངོས་ནས་ཚོགས་ཆེན་ཐད་གཏོང་བྱ་རྒྱུ་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་དང་མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱོད་སྣེ། ཞིན་ཧྭ་གསར་འགྱུར་ཁང་གི་སྤྱོད་སྣེ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་སྤྱོད་སྣེ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུའི་སྟེང་བརྒྱུད་གཏོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།