ཀྲུང་གོ་བོད་ཀྱི་དྲ་བ།

ཁྲོན་བོད་ལྕགས་ལམ་ཡ་ཨན་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ10བའི་ཚེས20ཉིན་གྱི་ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན།   རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་མིན་ཧེ་ཡིས་ཚེས20ཉིན་བསྟན་དོན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད།  རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་ཁྲོན་བོད་ལྕགས་ལམ་ཡ་ཨན་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་བསྐྲུན་བྱེད་པར་མཆོག་མཆན་བཀོད་པ་དང་།  ལས་གཞི་གལ་ཆེན་འདི་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་རེད།

མིན་ཝེ་ཡིས་ཉིན་དེའི་རྒྱལ་ཁབ་འཕེལ་སྒྱུར་ཨུན་ཡོན་ལྷན་ཁང་གི་ཟླ10བར་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་།  བརྟན་འཇགས་ངང་སི་ཁྲོན་དང་བོད་ལྗོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད།  རྒྱལ་ཁབ་འཕེལ་སྒྱུར་ཨུན་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཀྱི་ཕྱོགས་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས།  ལས་དོན་ཁག་ཞིབ་ཚགས་ངང་དོན་འཁྱོལ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།