ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཨ་རི་དང་ཀྲུང་གོའི་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས་ཨ་རི་དང་ཀྲུང་གོའི་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལན་པོ་ཝུན་གྱིས་སྣེ་ཁྲིད་པའི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་།

 ཧུའུ་ཁྲུན་ཧྭ་ཡིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་ལྷག་པར་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་དང་། མགྱོགས་མྱུར་སྒོས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན།  རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས།  ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ལ་སྔར་ལས་ཞབས་ཞུ་ལེགས་པོ་འདོན་སྤྲོད་བྱེད་དགོས། ཨ་ཀྲུང་ཚོང་དོན་ཨུ་ལྷན་གྱིས་ཕན་ཚུན་བར་འབྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་གཉིས་ཕན་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཕྱོགས་གཉིས་ཀྱིས་ཀྲུང་གོའི་དཔལ་འབྱོར་དུས་བབ་དང་། ཀྲུང་ཨའི་ཚོང་དོན། ཨ་རིའི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱེད་པ་སོགས་ཀྱི་གནད་དོན་ཐད་ལྟ་ཚུལ་བརྗེ་རེས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།