ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁབ་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་བའི་སློབ་གྲྭའི་ལུས་རྩལ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་དང་དུས་རབས་གསར་བའི་སློབ་གྲྭའི་མཛེས་རྩལ་དང་ལུས་རྩལ་བྱ་བར་ཁྱོན་ཡོངས་ནས་ཤུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁབ་གཞུང་སྒྲུབ་ཐིན་གཉིས་ཀྱིས་དུས་རབས་གསར་བའི་སློབ་གྲྭའི་ལུས་རྩལ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་དང་དུས་རབས་གསར་བའི་སློབ་གྲྭའི་མཛེས་རྩལ་དང་ལུས་རྩལ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

དུས་རབས་གསར་བའི་སློབ་གྲྭའི་ལུས་རྩལ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་དང་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། སློབ་གྲྭའི་ལུས་རྩལ་བྱ་བ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་གལ་ཆེན་དུ་བཞག་སྟེ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་སྐྱེད་སྲིང་བྱེད་པའི་སློབ་གསོའི་མ་ལག་གསར་སྐྲུན་བྱེད་དགོས། ཉིས་སྟོང་ཉེར་གཉིས་ལོའི་བར་དུ་ནུས་པ་ཡོད་པའི་ལུས་རྩལ་དགེ་རྒན་སྒྲིག་སྦྱོར་བྱེད་པ་དང་ལུས་རྩལ་བསླབ་ཚན་བཀོད་སྒྲིག་གང་ལེགས་བྱེད་དགོས་ལ། སློབ་སྒྲུབ་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་པ་དང་། སློབ་གྲྭའི་ལུས་རྩལ་བྱ་བའི་ལམ་ལུགས་རྐྱེན་སྲོལ་སྔར་ལས་ཆ་ཚང་དུ་གཏོང་དགོས་པར་མ་ཟད། སློབ་ཁྲིད་དང་སྦྱོང་བརྡར། འགྲན་སྡུར་བཅས་ཀྱི་མ་ལག་ཡོངས་ཁྱབ་ཏུ་བཙུགས་ནས། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། མི་གསོ་སྐྱོང་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་བ། སློབ་མའི་ལུས་རྩལ་བྱང་ཚད་དང་ཕྱོགས་བསྡུས་བྱང་ཚད་མངོན་གསལ་སྒོས་མཐོར་འདེགས་སུ་གཏོང་དགོས། ཉིས་སྟོང་སོ་ལྔ་ལོའི་བར་དུ་སྣ་མང་ཅན་དང་དེང་རབས་ཅན། སྤུས་ཚད་མཐོ་བའི་སློབ་གྲྭའི་ལུས་རྩལ་མ་ལག་ཕལ་ཆེར་ཆགས་པར་བྱེད་དགོས་ཟེར།

དུས་རབས་གསར་བའི་སློབ་གྲྭའི་མཛེས་རྩལ་དང་ལུས་རྩལ་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར་ནང་བསྟན་དོན། མཛེས་རྩལ་དང་སློབ་གསོ་དེ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཡོངས་སུ་འཇོག་པ་དང་། སློབ་གྲྭའི་སློབ་གསོའི་སློབ་སྐབས་སོ་སོར་བཀོད་སྒྲིག་བཟང་བོ་བྱས་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་དགོས། ཉིས་སྟོང་ཉེར་གཉིས་ལོའི་བར་དུ་སློབ་གྲྭས་མཛེས་རྩལ་དང་ལུས་རྩལ་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པ་དང་། མཛེས་རྩལ་དང་ལུས་རྩལ་བསླབ་ཚན་ཁྱོན་ཡོངས་སུ་ཁྱབ་པར་བྱེད་དགོས་ལ། སློབ་གསོ་སློབ་ཁྲིད་བཅོས་སྒྱུར་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པ་དང་། ཐོན་ཁུངས་སྒྲིག་སྦྱོར་སྔར་ལས་ལེགས་སྒྱུར་བྱེད་དགོས་པར་མ་ཟད། གདེང་འཇོག་མ་ལག་རིམ་བཞིན་ཆ་ཚང་དུ་གཏོང་བ་དང་། དོ་དམ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། མི་གསོ་སྐྱོང་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པ་དང་སློབ་མའི་མཛེས་དཔྱད་དང་མི་གཞུང་བྱང་ཚད་མཐོར་འདེགས་སུ་གཏོང་དགོས། ཉིས་སྟོང་སོ་ལྔ་ལོའི་བར་དུ་ཡོངས་སུ་ཁེབས་ཤིང་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་སློབ་གྲྭའི་མཛེས་རྩལ་དང་ལུས་རྩལ་མ་ལག་ཕལ་ཆེར་ཆགས་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།