ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྦྲག་སྲིད་ཀྱིས་བྱེད་ཐབས་དྲུག་གིས་ཞིང་བའི་ཡོང་སྒོ་འཕར་བསྣོན་ལ་ཕན་ཁེ་སྐྲུན་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་སྦྲག་སྲིད་སྡེ་ཚོགས་ཀྱི་ལས་འཛིན་མགོ་གཙོ་ལིག་འེ་ལིས་ཀྱིས་ཚེས18ཉིན་བསྟན་དོན། ཀྲུང་གོའི་སྦྲག་སྲིད་སྡེ་ཚོགས་ཀྱིས་བྱེེད་ཐབས་དྲུག་གིས་ཞིང་བར་ཕན་ཁེ་སྐྲུན་ནས། ཞིང་བའི་མཉམ་ལས་ཁང་དང་སྟོད་སྨད་རྒྱུད་ཀྱི་ཁེ་ལས་ནུས་ཤུགས་མཐོ་རུ་གཏོང་རྒྱུ་རེད།

ཉིན་དེར། སི་ཁྲོན་ཡ་ཨན་རུ་བསྡུས་པའི་ཀྲུང་གོའི་སྦྲག་སྲིད་ཀྱིས་ཞིང་བའི་མཉམ་ལས་ཁང་ལ་རོགས་འདེགས་བྱེད་པའི་སྤུས་ཚད་མཐོ་བའི་ཡུལ་དངོས་ཚོགས་འདུའི་སྟེང་། ལིག་འེ་ལིས་ཀྱི་གཏམ་བཤད་ཁྲོད་བསྟན་དོན། ཞིང་གསུམ་དང་འབྲེལ་བའི་མ་དངུལ་མཉམ་འདུས་དཀའ་བ་དང་། ཕྱིར་འཚོང་དཀའ་བ། དངོས་རྒྱུག་དཀའ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། ཀྲུང་གོའི་སྦྲག་སྲིད་ཀྱིས་ཞིང་ཕན་སྲིད་ཇུས་དྲུག་གིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཚུལ་བསྟན།

མཚམས་སྦྱོར་བྱས་པ་ལྟར་ན། ཞིང་བར་འབྲེལ་བའི་ཡིད་རྟོན་དངུལ་བུན་སྟེར་བ་དང་། ཞིང་ལས་ཐོན་རྫས་ཕྱིར་འཚོང་། ཐོན་ཡུལ་དུ་ལས་སྣོན་བྱེད་པ། ཞིང་བའི་དངོས་རྫས་མཁོ་འདོན། ཞིང་ལས་ལག་རྩལ་ཞབས་ཞུ། གསོག་ཉར་སྡེབ་སྒྲིག འཁྱགས་རྫས་དངོས་ཟོག་འཁོར་རྒྱུག་བཅས་གཙོ་བོར་བཟུང་ནས་ཤུགས་སྣོན་བྱེད་པ་བརྒྱུད། ཀྲུང་གོའི་སྦྲག་སྲིད་ཀྱིས་གཙོ་གནད་གོ་རིམ་གྱི་ནུས་ཤུགས་འཛུགས་སྐྲུན་མཐོ་རུ་བཏང་ནས། ཞིང་བའི་དུད་ཁྱིམ་གྱིས་དེང་རབས་ཞིང་ལས་མཐུད་སྦྲེལ་ལ་རོགས་འདེགས་བྱེད་རྒྱུ་རེད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།