ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས15ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གིས་ས་རྒྱུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་ཕུལ།

ལིས་ཀྲན་ཧྲུའུ་ཡིས་སྙན་ཞུ་འབུལ་སྐབས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་ལག་བསྟར་བྱས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་བཅའ་ཁྲིམས་ལམ་ལུགས་ཀྱི་གཏན་འཁེལ་དང་དམ་པོར་སྦྲེལ་ཏེ། རླུང་ཁམས་ཆེན་པོའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་དང་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་སོགས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལ་རྒྱུན་མཐུད་སྒོས་ཁྲིམས་སྐྱོང་ཞིབ་བཤེར་བྱས། ད་ལོར་ས་རྒྱུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལ་ཁྲིམས་སྐྱོང་ཞིབ་བཤེར་བྱེད་པ་ནི་ཁྲིམས་ལྟར་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་དང་ས་གཙང་སྲུང་སྐྱོབ་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པར་རོགས་འདེགས་བྱེད་པའི་དོན་དངོས་ཀྱི་འགུལ་སྐྱོད་ཅིག་ཡིན་ལ། དེའི་དམིགས་ཡུལ་ནི་དམངས་ཆེན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བཅའ་ཁྲིམས་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ། ས་རྒྱུ་བཙོག་བཟོའི་ཞིང་ཐོན་དངོས་རྫས་ཀྱི་བདེ་འཇགས་དང་མི་སྡོད་ཁོར་ཡུག་བདེ་ཐང་གི་འབུར་ཐོན་གནད་དོན་ཆེན་པོ་གཉིས་ཐག་བཅད་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་དང་ས་རྒྱུའི་ཐོན་ཁུངས་རྒྱུན་མཐུད་སྒོས་བེད་སྤྱོད་པར་འགན་སྲུང་བྱེད་དགོས་པར་མ་ཟད། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ནས་ཕན་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཁུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཕུལ་བའི་ཉིས་སྟོང་བཅུ་དགུ་ལོའི་ནོར་སྲིད་པུའུ་ཡིས་མ་དངུལ་གཏོང་མཁན་གྱི་འགན་འཁྲི་ལག་བསྟར་དང་མ་རྩའི་ལྟ་སྐུལ་དོ་དམ་འགན་འཁྲི་ཁེ་ལས་ཀྱི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་དང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧའོ་ཕིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཕུལ་བའི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དབང་རྒྱུ་ནོར་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་ཁེ་ལས་ཀྱི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་སོགས་ལ་ཉན།

ཚོགས་ཐོག་ནས་ད་དུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲིག་ཆང་གིས་ཕུལ་བའི་མི་དམངས་ཁྲིམས་ཁང་གིས་དམངས་དོན་འདྲི་གཅོད་བྱ་བར་ཤུགས་བསྣན་ཏེ་ཁྲིམས་ལྟར་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་སྐོར་གྱི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ་ཀྲང་ཅུན་གྱིས་ཕུལ་བའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་ཉེས་ཆད་ཁས་ལེན་ལམ་ལུགས་འོས་འཚམ་སྒོས་བཀོལ་སྤྱོད་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།