ལིས་ཁི་ཆང་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་སྒོའི་གཟའ་འཁོར་འགོ་རྩོམ་པའི་མཛད་སྒོའི་སྟེང་ཕེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་སྒོའི་གཟའ་འཁོར་སྟེང་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བར་མ་ཟད། བྱེད་སྒོའི་གཟའ་འཁོར་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོའི་བྱ་འགུལ་འདི་དྲ་སྟེང་ནས་སྤེལ་མགོ་བརྩམས་ནའང་། ལས་སྐྲུན་གྱི་སྤྲོ་སེམས་ཆེ་རུ་ཕྱིན་ཚེ་གསར་གཏོད་ཀྱི་གསོན་ཤུགས་མངོན་ཐུབ། “གཉིས་གཏོད”ལས་སྒོ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་སོང་ནས། མི་དམངས་དུང་ཕྱུར་མང་པོའི་ལས་ལ་བརྩོན་ཞིང་དངོས་དོན་སྒྲུབ་པ་དང་གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས་མངོན་ཡོད། ཉེ་བའི་ལོ་འདི་འགའི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ།  ང་ཚོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། “གཉིས་གཏོད”ལས་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། ཁྲོམ་རའི་རང་བདག་དང་ལས་ཞུགས་ལས་གནས་འབོར་ཆེན་བསྐྲུན་རྒྱུར་སྐུལ་འདེད་བཏང་བར་མ་ཟད། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཡོད། ད་ལོར་རིམས་ནད་བྱུང་བའི་ཚུན་ལ། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་འོག་ཏུ། རང་རྒྱལ་གྱི་དཔལ་འབྱོར་གྱིས་གཞི་རྩ་བརྟན་པོ་ཡོང་བ་དང་། སླར་གསོའི་རང་བཞིན་ལྡན་པའི་འཕར་སྣོན་ཇེ་མགྱོགས་སུ་སོང་ལ། ཚོང་རའི་གྲུབ་ཆ་གཙོ་བོ་དུང་ཕྱུར་མང་པོའི་སེམས་ཤུགས་ཆེན་པོས་རྨང་གཞིའི་འདེགས་སྐྱོར་འདོན་སྤེལ་བྱས་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཞེས་པའི་ལས་འགན་ཨང་དང་པོ་དེ་དམ་འཛིན་ཡག་པོ་བྱེད་དགོས། བཅོས་སྒྱུར་ལ་སྐུལ་འདེད་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། “བརྟནའཇགས་དྲུག”གི་ལས་ཀ་ཡག་པོར་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཟེར།

ཞའོ་ཅེ་དང་། ཝན་ཀང་། ཧི་ལི་ཧྥུང་བཅས་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།