ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གི་གློག་རྡུལ་ཚོང་དོན་ཁང་ཁྲི305ལ་སླེབས་ཟིན་པ་དང་དྲ་རྒྱའི་ཕྱིར་འཚོང་གྲངས་འབོར་རིམས་ནད་སྔོན་གྱི་ཆུ་ཚད་དུ་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས15ཉིན། ཚོང་དོན་པུའུ་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥིན་གྱིས་ཚེས15ཉིན་བསྟན་དོན། ཟླ9བའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་832ཡི་གློག་རྡུལ་ཚོང་དོན་ཁང་ཁྲི305ལ་སླེབས་ཟིན་པ་དང་། དུས་ཚིགས་གསུམ་པར། དབུལ་ཕོངས་རྫོང་གི་དྲ་རྒྱའི་ཕྱིར་འཚོང་གྲངས་འབོར་དེ2019ལོའི་ལོ་ཧྲིལ་བོའི་འཕར་བསྣོན་མྱུར་ཚད་ལས་མཐོ་བ་དང་། རིམས་ནད་སྔོན་གྱི་ཆུ་ཚད་དུ་སླེབས་འདུག་ཅེས་བསྟན། 

ཀའོ་ཧྥིན་གྱིས་ཚོང་དོན་པུའུ་ཡིས་བསྡུས་པའི་དྲ་རྒྱའི་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ཚོང་དོན་པུའུ་ཡིས་ཕྱོགས་གསུམ་པར་མངགས་བཅོལ་བྱས་པའི་གཞི་གྲངས་ཆེན་མོ་ལས། ཟླ9བའི་ཟླ་མཇུག་བར་ཏུ། རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གི་དྲ་རྒྱའི་གློག་རྡུལ་ཚོང་དོན་ཁང་ཁྲི305ལ་སླེབས་ཤིང་། དེ་ཟླ་6པའི་ཟླ་མཇུག་ལས་ཁྲི19.5ཁ་བསྣོན་བྱུང་ཞིང་། འཕར་བསྣོན་བྱུང་ཚད་བརྒྱ་ཆའི་16.3ལ་སླེབས་ཤིང་། གློག་རྡུལ་ཚོང་དོན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།