བདེན་འཚོལ་དུས་དེབ་་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས16ཉིན་པར་སྐྲུན་བྱས་པའི་སྐབས20བའི་བདེན་འཚོལ་དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ། རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་འཐབ་ཇུས་གྲུབ་འབྲས་བླངས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ་གྱི་དགེ་མཚན་མངོན་ཞིང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་སྟོབས་ཤུགས་མངོན་ཡོད་པ་མ་ཟད། ཀྲུང་ཧྭའི་དཔལ་ཡོན་གྱི་རྨང་མཐུག་པའི་ནང་སྙིང་མངོན་ལ། ཀྲུང་གོས་འགན་ཁུར་བའི་རྒྱལ་ཁབ་ཆེ་གྲས་ཀྱི་འགན་འཁྲི་མངོན་ཡོད་ཅིང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་རང་སྤོབས། འདུས་ཤུགས་དང་ཡར་རྒྱས་ཀྱི་བསམ་བློ་སྐུལ་སྤེལ་བྱས་པས། དེས་ང་ཚོས་དུས་རབས་གསར་བའི་བགྲོད་ལམ་གསར་བའི་སྟེང་མདུན་དུ་བསྐྱོད་པར་སྐུལ་ལྕག་གནང་ཞེས་བསྟན། 

རྩོམ་ཡིག་ལས་བསྟན་དོན། ཐེངས་འདིའི་རིམས་ནད་ཚབས་ཆེན་གྱི་འཐབ་རྩོད་ཁྲོད། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་། རྣམ་པར་རྒྱལ་བར་དཔའ་མི་ཞུམ་པའི་སྤོབས་པས་ཚེ་སྲོག་བླ་རུ་བཀུར་བ་དང་། རྒྱལ་ཡོངས་དམངས་སེམས་གཅིག་ཏུ་བྱེད་པ། ལས་དབང་གཞི་གཅིག་ཏུ་བྱེད་པའི་རླབས་ཆེ་བའི་སྙིང་སྟོབས་གྲུབ་པར་བྱས་ཡོད། རིམས་འགོག་གི་རླབས་ཆེའི་སྙིང་སྟོབས་དང་ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་བོའི་ནང་གྲུབ་པའི་རིག་གནས་ཀྱི་ཉིང་བཅུད་རྣམས་གཅིག་ཏུ་རྒྱུན་འཛིན་བྱས་ན། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བ་ཡིན་ལ། ཀྲུང་གོའི་སྙིང་སྟོབས་ཀྱི་མི་སེམས་འགུལ་བའི་འགྲེལ་བརྗོད་ཡིན་པས། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཕུན་ཚོགས་སུ་བཏང་ཡོད་ཞེས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།