ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མིན་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཆེད་དོན་འགྲེམ་སྟོན་མགོ་རྩོམ་མཛད་སྒོའི་སྟེང་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས15ཉིན། མི་དམས་བླ་རུ་བཀུར་བ་དང་། ཚེ་སྲོག་བླ་རུ་བཀུར་པའི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཆེད་དོན་འགྲེམ་སྟོན་མགོ་རྩོམ་མཛད་སྒོ་ཧུའུ་པེ་བུའུ་ཧན་དུ་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིན་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 

ཧོང་ཁུན་མིན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ། རིམས་ནད་འགོག་རྒོལ་གྱི་གཡུལ་འཐབ་ཅིག་བསླངས་ཤིང་། དཀའ་སྤྱད་འབད་བརྩོན་བརྒྱུད་དེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ་གྱི་དགེ་མཚན་གསལ་བོར་མངོན་ཞིང་། མི་དམངས་ནི་ལས་དོན་ལེགས་འགྲུབ་དང་རྒྱལ་ཕམ་ཐག་གཅོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཡིན་པ་གསལ་བཤད་བྱས་པ་དང་། ཀྲུང་གོའི་སྙིང་སྟོབས་ལ་བླ་ན་མེད་པའི་འདུ་ཤུགས་དང་འབོད་ཤུགས་མངོན་པ་མཚོན། ཆེད་དོན་འགྲེམ་སྟོན་གྱིས་རིམས་ནད་འགོག་རྒོལ་གྱི་རླབས་ཆེན་ལག་ལེན་དང་། རིམས་ནད་འགོག་རྒོལ་གྱི་སྙིང་སྟོབས་དར་སྤེལ། དེ་མིན་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་སྐུལ་སྤེལ་བྱས་པར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན། 

ཧོང་ཁུན་མིན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་སྔར་བཞིན་ལྕི་ཞིང་། ཐེངས་འདིའི་འགྲེམ་སྟོན་གོ་སྐབས་སུ་བྱས་ནས། གནས་ཚད་ཡོངས་ཀྱིས་རིམས་ནད་འགོག་བཅོས་ཀྱི་ཀྲུང་གོའི་གཏམ་རྒྱུད་དང་། ཧུའུ་པའེ་གཏམ་རྒྱུད་ལེགས་པོར་བརྗོད་དེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱས་ནས། འདུ་ཤེས་བཞི་མཐོར་འདེགས་དང། ཡིད་ཆེས་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ནས། རིམས་ནད་འགོག་རྒོལ་གྱི་སྙིང་སྟོབས་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་།དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།