ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཟུར་ཞུགས་འཐུས་མི་དང་བཞུགས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཟུར་ཞུགས་གནང་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་བྱས། ཁོས་ནན་གྱིས་བསྟན་དོན། ཞིས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་དམངས་གཙིགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་པ། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་འཛུགས་པ་བཅས་ཀྱི་བླང་བྱ་དེ་འཐུས་མིས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དུ་ལག་བསྟར་བྱེད་དགོས་ཟེར།

    བཞུགས་མོལ་ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་51ཁྲོད་མང་ཆེ་བ་གཞི་རིམ་ནས་ཡོང་བ་ཡིན། དགེ་རྒན་དང་བཟོ་པ་ཡོད་ལ།  ཆེད་མཁས་པ་དང་མཁས་དབང་དང་དམངས་གཉེར་ཁེ་ལས་པ་སོགས་ཀྱང་ཡོད། འཐུས་མི་ཚོས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱ་རྒྱུར་སྔར་ལས་ཤུགས་བསྣན་ནས་མྱོང་ཚོར་གླེང་བ་དང་གྲོས་འགོ་འདོན་པའི་ཐད་ནས་གཏམ་བཤད་གནང་།  ལིས་ཀྲན་ཧྲུའུ་ཡིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྙིང་པོ་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྲིད་སྐྱོང་འདུ་ཤེས་གསལ་པོ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་དམངས་ཆེན་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་དམངས་ལ་རེ་འབོད་བཏོན་ན་རང་གིས་ཨ་ལན་སྤྲོད་དགོས། འདི་ནི་མི་དམངས་འཐུས་མིའི་ཁྲིམས་བཀོད་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་ཡིན་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པའི་ནང་དོན་གལ་ཆེན་ཡང་ཡིན་ཟེར། 
    ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རང་རྒྱལ་གྱི་རིམ་པ་ལྔའི་དམངས་ཆེན་འཐུས་མིའི་བྱ་བ་དང་འཚོ་བ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་གནས་ཡོད་པས། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར། ཏང་གིས་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ། དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་མཐོ་ཚད་ནས་འགོ་བརྩམས་ཏེ་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ཡག་པོ་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་ལམ་སྲོལ་དང་ལས་ཀའི་སྟེགས་བུ་ཡག་པོ་སྤྱོད་དགོས། རྒྱལ་ཡོངས་དམངས་ཆེན་འཐུས་མི་རང་འགུལ་ངང་ས་གནས་དེ་གའི་འཐུས་མིའི་ཚན་ཆུང་དང་། འཐུས་མིའི་ཁྱིམ་གཞིས། འཐུས་མིའི་འབྲེལ་གཏུག་ས་ཚིགས་བཅས་ཀྱི་བྱེད་སྒོར་ཞུགས་དགོས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལས་ཁུངས་ཀྱིས་འབྲེལ་ཡོད་བྱ་བའི་སྦྲེལ་མཐུད་དང་ཞབས་ཞུའི་འགན་སྲུང་ཡག་པོར་བསྒྲུབ་དགོས་ཟེར། 
    ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་ཅིང་གླེང་བ་མང་བའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། མང་ཚོགས་ཀྱི་བྱ་བ་ཡིན་ཕྱིན་ཚང་མ་དོན་ཆེན་ཡིན་པས་འཐུས་མིས་ངེས་པར་དུ་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབ་དགོས་ཟེར། 
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།