སང་ཉིན་ནས2021ལོའི་རྒྱལ་ཁབ་གཞུང་ཞབས་པའི་ཡིག་རྒྱུགས་ལ་མིང་ཐོ་འགོད་ཆོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན། རྒྱལ་ཁབ་གཞུང་ཞབས་པའི་ཅུའུ་གཞུང་ཕྱོགས་དྲ་ཚུགས་ནས་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱིས་2021ལོའི་གཞུང་ཞབས་པ་བསྡུ་བའི་རྒྱུགས་ལེན་སྤྱི་བསྒྲགས་སྤེལ་ཡོད། སྤྱི་བསྒྲགས་ལྟར་ན། 2021ལོའི་རྒྱལ་ཁབ་གཞུང་ཞབས་པའི་སྤྱི་བའི་རྒྱུགས་ཚན་གྱི་ཡིག་རྒྱུགས་དེ2021ལོའི་ཟླ11པའི་ཚེས29ཉིན་སྤེལ་རྒྱུ་ཡིན་པ་དང་། རྒྱུགས་ཞུགས་པས2020ལོའི་ཟླ10བའི་ཚེས15ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ཟླ10བའི་ཚེས24ཉིན་གྱི་ཕྱི་དྲོའི་ཆུ་ཚོད6པའི་བར་ཆེད་དོན་ཐོ་འགོད་དྲ་ཚུགས་ནས་མིང་ཐོ་འགོད་ཆོག །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།