ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་ཇུས་གཞི》པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་ཇུས་གཞི》པར་སྐྲུན་འགྲེམ་སྤེལ་བྱས་པར་མ་ཟད། དེ་འབྲེལ་གྱི་བརྡ་ཐོ་བཏང་ནས། ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

《ཇུས་གཞིའི》ནང་བསྟན་དོན། སློབ་གསོའི་གདེང་འཇོག་དེ་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད། གདེང་འཇོག་གི་བཀོད་འདོམས་ཚད་ཤིང་གང་འདྲ་ཞིག་ཡོད་ན་སློབ་གཉེར་གྱི་ཁ་ཕྱོགས་དེ་འདྲ་ཞིག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མི་མཐུན་པའི་སློབ་གསོའི་གདེང་འཇོག་གི་ཁྲིད་ཕྱོགས་བསྒྱུར་ཏེ། སྐར་གྲངས་ཁོ་ན་གཙིགས་སུ་འཛིན་པ་དང་། སློབ་རིམ་འཕར་རྒྱུ་དམིགས་འབེན་དུ་འཛིན་པ། རིག་གནས་ལག་ཁྱེར་ཙམ་ཐོབ་པར་བརྩོན་པ།  དཔྱད་རྩོམ་བརྐུ་བཤུ་དང་། རྫུན་ཐབས་ལ་བརྟེན་པའི་སྣང་ཚུལ་ངན་པ་ཅི་རིགས་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་། སློབ་གསོའི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོ་དེང་རབས་ཅན་དུ་འགྱུར་བར་མྱུར་དུ་སྐུལ་འདེད་གཏོང་བ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ཀྱི་ཐད་ལ་དམིགས་ཏེ་ཇུས་གཞི་འདི་བཟོས་པ་ཡིན།

《ཇུས་གཞིའི》ནང་བཀོད་པའི་གཙོ་གནད་ལས་འགན་ལྔ་ནི། གཅིག་ནས་ཏང་ཨུ་དང་སྲིད་གཞུང་གི་སློབ་གསོའི་ལས་ཀའི་གདེང་འཇོག་བཅོས་སྒྱུར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་དགོས། གཉིས་ནས་སློབ་གྲྭའི་གདེང་འཇོག་བཅོས་སྒྱུར་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་དགེ་རྒན་གྱི་གདེང་འཇོག་བཅོས་སྒྱུར་བྱས་ཏེ། དཔེ་ཁྲིད་མི་སྐྱོང་གི་འགན་འཁྲི་ལག་ལེན་དུ་བསྟར་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་སློབ་མའི་གདེང་འཇོག་བཅོས་སྒྱུར་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་མི་བཀོལ་སྤྱོད་ཀྱི་གདེང་འཇོག་བཅོས་སྒྱུར་བྱས་ཏེ། ཐུན་མོང་ཐོག་སློབ་གསོ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།